ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་། ལྗོངས་ཏང་ཨུད་ལྟ་ཞིབ་ཁང་། ལྗོངས་སྦྲག་སྲིད་དོ་དམ་ཅུས་སོགས་སྡེ་ཚན་གྱིས་ལྷ་སར་མཉམ་འབྲེལ་ཐོག2016ལོའི་ལོ་འཁོར་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་དང་། ཚགས་པར་དང་དུས་དེབ་འགྲེམས་སྤེལ་གྱི་ལམ་སྲོལ་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བརྙན་ལམ་ལས་དོན་ཚོགས་འདུ་འཚོགས་ནས་ལས་དོན་དེར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་ཡག་པོ་སྒྲུབ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་མི་དམངས་ཉིན་རེའི་ཚགས་པར་དང་། 《བདེན་འཚོལ》དུས་དེབ། བོད་ལྗོངས་ཉིན་རེའི་ཚགས་པར། 《བོད་གསར་པ》སོགས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གནད་ཆེའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་པ་དང་། ཚད་མཐོའི་མཐོང་ཆེན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱས་པ་དང་། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་ངང་འགྲེམས་སྤེལ་དང་མངགས་ཉོའི་ཇུས་གཞི་བཟོས་ནས2016ལོའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ཀྱི་འགྲེམས་སྤེལ་གྲངས་འབོར་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་དང་མངགས་ཉོའི་ལས་དོན་དུས་བཀག་ནང་ལེགས་སྒྲུབ་ཐུབ་པ་བྱས་ནས་གླེང་ཕྱོགས་ཁྲིད་སྟོན་གྱི་གཙོ་ཤུགས་དམག་དང་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།