ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་ནས་ཟླ11པའི་ཚེས24ཉིན་གློག་འཕྲིན་འབྱོར་གསལ། ཚེས23ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱིས2015ལོའི་ལོ་སྨད་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ཀྱིས་བསྟན་དོན། ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་བ་ནི། ཏང་གི་མི་རིགས་དང་ཆོས་ལུགས་ལས་དོན་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་བྱ་བར་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཡིན་པ་དང་། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་བ་བྱེད་པའི་འགན་སྲུང་གལ་ཆེན་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཏོད་འཛུགས་བྱེད་སྒོའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དགོན་སྡེར་བཅའ་སྡོད་ལས་དོན་གྱི་རྒྱུན་རྣམ་ཅན་ལ་བརྟེན་ནས་དགོན་སྡེའི་དོ་དམ་ཚད་གཞི་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་དགོས།

ནོར་བུ་དོན་གྲུབ་ཀྱིས་བླང་བྱ་བཏོན་དོན། རྒྱ་ཆེའི་གྲྭ་བཙུན་གྱིས་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་དོན་ལག་ལེན་བསྟར་ནས་ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་གི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། གཏོད་འཛུགས་བྱེད་སྒོ་སྒུལ་ཤུགས་སུ་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི་བླ་མ་སྐྱེས་ཆེན་རིམ་བྱོན་གྱི“རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཁྲིམས་བཀུར་ཁྲིམས་སྲུང་སྒོམ་སྒྲུབ་ཀྱི་རྩ་བར་འཛིན་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དམར་ཐིག་ནན་པོ་སྲུང་བ། འདུལ་ཁྲིམས་ཡག་པོ་སྲུང་བ། སྲིད་གཞུང་གི་དོ་དམ་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱི་དོ་དམ། དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཀྱི་དོ་དམ་རང་རྟོགས་ངང་བརྩི་སྲུང་ཞུ་བ་བཅས་བྱེད་དགོས་ཤིང་། རྡོག་རྩ་གཅིག་སྒྲིལ་དང་བློ་གཅིག་སེམས་གཅིག་བྱེད་པ་དང་། གསར་འབྱེད་གསར་གཏོད་དང་ལས་དོན་ཏན་ཏིག་སྒྲུབ་པ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས། ཡུན་རིང་བདེ་འཁོད། དེ་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་སྐུལ་འདེད་གཏོང་ཆེད་འབད་འཐབ་བྱེད་དགོས།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ48དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན4045 དགོན་སྡེ་དོ་དམ་གྱི་སྔོན་ཐོན་ཨུ་ལྷན48 གྲོང་ཚོར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པ46བཅས་ལ་གཟེངས་བསྟོད་བྱས་པ་རེད། ཞི་མཐུན་དཔེ་བཟང་དགོན་སྡེའི་འཐུས་མི་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གྱི་འཐུས་མི། དགོན་སྡེ་དོ་དམ་གྱི་ཕུལ་བྱུང་ལས་བྱེད་པའི་འཐུས་མི་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།