ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་གནས་ཚུལ་འབྱོར་གསལ། གཉོད་ཆུང་ཚོགས་སྤྱིའི་དོན་དངོས་དཀའ་ངལ་སེལ་རོགས་བྱས་ནས་ཞི་མཐུན་གྱི་ཚན་པ་མཉམ་དུ་གཏོད་ཆེད། གྲོང་ཤར་ཁྲལ་དོན་ཡན་ལག་ཅུས་ཀྱིས་ན་ནིང་སྤེལ་བའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གོ་སྐབས་སུ་བྱས་པ་དང“གཅེས་སེམས་འབྲེལ་བ་དང་། བརྩེ་སེམས་བརྒྱུད་སྤྲོད། དཀའ་སེལ་རོགས་སྐྱོར། དབུལ་སྐྱོར་སློབ་སྐྱོར། འཆམ་མཐུན་མཛའ་བརྩེ། གཅིག་རོགས་གཅིག་ཕན། གཅེས་སེམས་འབུལ་བ། འཆམ་མཐུན་མཉམ་སྐྲུན”བཅས་ཀྱི་དམིགས་ཡུལ་ལ་གཞིགས་ནས། ཏང་ཡོན་ཚང་མས་རང་མོས་ངང“གྲོང་ཤར་ཡན་ལག་ཅུས་ཏང་ཡོན་གཅེས་སེམས་ཐེབས་རྩ”བཙུགས་པ་མ་ཟད། “གཅེས་སེམས་ཐེབས་རྩའི་དོ་དམ་བྱ་ཐབས”ཀྱང་བཟོས་པ་རེད།

“གཅེས་སེམས་ཐེབས་རྩར”རིམ་པ་བགོས་ཏེ་ཆེད་དོན་རྩིས་ཁྲ་བཟོས་ནས་གསོག་པ་དང་། ཆེད་དངུལ་ཆེད་སྤྱོད། ལོགས་སུ་རྩིས་བརྒྱབ་ཁར་གཏོང་ཡོང་གཉིས་ཀྱི་དོ་དམ་ལག་ལེན་བསྟར་ནས་ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེས་ཟླ་རེར་རང་མོས་ངང་ཞལ་འདེབས་བརྒྱབ་པའི་དངུལ་ཚང་མ་རྒན་འཁོགས་དང་། ནུས་ཤུགས་མེད་པ། ནད་པ། དབང་པོ་སྐྱོན་ཅན་དང་། ལས་ཞུགས་མི་ཐུབ་པའི་ཁྱིམ་ཚང་སོགས་སྤྱི་ཚོགས་ཀྱི་གཉོད་ཆུང་ཚོགས་སྤྱིར་སྤྲོད་རྒྱུ་ཡིན་པ་རེད།

ཟླ10པའི་ཟླ་མཇུག་བར། ཅུས་དེ་གའི་ཀྲི་པུའུ་ཡིས་གཅེས་སེམས་ཐེབས་རྩར་ཞལ་འདེབས་ཐེངས11འབྱོར་བ་ཚང་མ་ལྷ་ས་གྲོང་ཁྱེར་བྱིས་པ་ལོང་བའི་སློབ་གྲྭ་དང་རྒན་རྒོན་མི་ཧྲེང་དང་། དེ་བཞིན་འཚོ་བར་དཀའ་ངལ་ཆེ་བའི་དུད་ཚང་བཅས་ལ་ཞལ་འདེབས་བརྒྱབ་པས། ཁོང་ཚོར་སྤྱི་ཚོགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བས། སྤྱི་ཚོགས་རིམ་ཁག་མི་སྣའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།