ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བྲག་ཡིབ་ནས་ཟླ11པའི་ཚེས24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས2015ལོའི་ལོ་སྨད་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་རེད།

ཚོགས་འདུའི་ཐོག་ཉིང་ཁྲི་གྲོང་ཁྱེར་གྱིས་སྒེར་རྩེ་དགོན་པ་དང་ཆབ་ནག་དགོན་སོགས་དགོན་པ14དང་། མིག་དམར་དང་བཀྲ་ཤིས་ཟླ་བ་སོགས་གྲྭ་བཙུན197ལ“2015ལོའི་ལོ་སྨད་ཀྱི་ཉིང་ཁྲི་གྲོང་ཁྱེར་གྱི་ཞི་མཐུན་དཔེ་བཟང་དགོན་སྡེ”དང“2015ལོའི་ལོ་སྨད་ཀྱི་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན”གྱི་གཟི་བརྗིད་མཚན་སྙན་སོ་སོར་སྤྲད་པ་དང་། བརྒྱད་རི་དགོན་སོགས་དགོན་པ་དོ་དམ་ཨུ་ལྷན14དང་ཀྲུའུ་ཧན་ཡུང་སོགས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་15ལ“2015ལོའི་ལོ་སྨད་ཀྱི་ཉིང་ཁྲི་གྲོང་ཁྱེར་གྱི་སྔོན་ཐོན་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང”དང“2015ལོའི་ལོ་སྨད་ཀྱི་ཉིང་ཁྲི་གྲོང་ཁྱེར་གྱི་དགོན་པར་བཅའ་སྡོད་ལས་བྱེད་པ་ཕུལ་བྱུང”གི་གཟི་བརྗིད་མཚན་སྙན་སོ་སོར་སྤྲད་པ་རེད།

ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་དབང་འདུས་ཀྱིས། 2011ལོའི་ཟླ12པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་གཟེངས་བསྟོད་ཚོགས་ཆེན་ཁྱོན་ཐེངས་8འཚོགས་ཏེ། ཞི་མཐུན་དཔེ་བཟང་གི་དགོན་སྡེ72(ཐེངས)དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན937(ཐེངས)ལ་སྔ་རྗེས་སུ་གཟེངས་བསྟོད་བྱས་ནས་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་ཧུར་ཐག་བྱས་ནས། ཉིང་ཁྲི་གྲོང་ཁྱེར་གྱིས་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་བརྒྱབ་པ་དང་གསར་གཏོད་ལ་སྐུལ་མ་ནུས་ལྡན་བཏང་ཡོད། གོམ་སྟབས་རྗེས་མར། ཉིང་ཁྲི་གྲོང་ཁྱེར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་འགན་ལག་བསྟར་ནན་ཏན་གྱིས་ལས་བྱེད་པ་དགོན་པར་བཅའ་སྡོད་ཀྱི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་མ་ཧུར་ཐག་གཏོང་རྒྱུ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་དོ་དམ་ལ་དམ་འཛིན། སྲོལ་གཏོད་བྱེད་སྒོའི་སྒྲིག་འཛུགས་དང་མཛུབ་ཁྲིད་ལ་ཤུགས་རྒྱག་པ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།