ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་དུ་བཅར་འདྲི་བྱེད་པར་བསྐྱོད་སྐབས་མང་ཚོགས་ཕལ་ཆེ་བའི་ཁྱིམ་ཚང་གཙང་སྦྲ་དོད་པ་མ་ཟད། ད་དུང་ཉི་ནུས་ཆུ་ཚ་པོ་བཟོ་བྱེད་བསྒར་ནས་གཟུགས་པོ་བཀྲུ་སྟབས་བདེ་པོ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དེ་དང་ཕྱོགས་མཚུངས་ད་དུང་མང་ཚོགས་མང་པོའི་ཁྱིམ་དུ་དུག་སེལ་སྒྲོམ་དང་དུག་སེལ་ཆུ་སོགས་དེང་རབས་ཀྱི་འཕྲོད་བསྟེན་སྤྱོད་ཆས་ཀྱང་ཡོད་པ་མཐོང་བྱུང་།

ཞི་བའི་བཅིངས་འགྲོལ་མ་བཏང་གོང་ལྷོ་པ་མི་རིགས་ཀྱི་འཚོ་བ་དེ་སྔར་བཞིན་གྲིས་འདེབས་བསྲེགས་རྨོད་ཀྱི་གདོད་མའི་རྣམ་པར་གནས་ཡོད། གྲོང་ཚོའི་ནང་གི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བའི་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མདོ་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་ཀྲུའུ་རེན་གཞོན་པ་ཞའོ་ཅ་ཡིའུ་ལ་མྱོང་ཚོར་ཟབ་མོ་ཡོད་པ་ནི“སྔོན་ཆད་ང་ཚོ་ལྷོ་པ་མི་རིགས་ཚོས་དུད་ཚང་སུས་རྔོན་མང་བ་རྒྱག་ཡོད་མེད་བསྡུར་གྱི་ཡོད། འོན་ཀྱང་ད་ཆ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སུས་སྲུང་སྐྱོང་བྱ་རྒྱུར་དགའ་ཞེན་ཡོད་མེད་བསྡུར་གྱི་ཡོད། སྔོན་ཆད་རྔོན་མ་བརྒྱབ་ན་ཆང་རག་འཐུང་ནས་སྡོད་ཀྱི་ཡོད། ད་ཆ་ཁང་གསར་ནང་སྡོད་རྒྱུ་བྱུང་བ་མ་ཟད་ཚང་མས་ཁྱིམ་ཚང་སུས་ཁང་པ་མཛེས་བཟོ་ལེགས་པ་བྱས་ཡོད་མེད་བསྡུར་བ་དང་། དུད་ཚང་སུས་འཛིན་ཆས་དང་གློག་ཆས་མང་བ་སྒྲིག་ཡོད་མེད་བསྡུར་བ། སུའི་ཁྱིམ་གྱི་བུ་ཕྲུག་གི་སློབ་རྒྱུས་མཐོ་བ་ཡོད་མེད་བསྡུར་བ་སོགས་བྱེད་ཀྱི་ཡོད་པ་རེད”

ཆང་རག་འཐུང་མཁན་ཇེ་ཉུང་དུ་ཕྱིན་པ་དང་ཉིན་མ་གང་འཁྱོལ་གྱི་འཚོ་བ་སྐྱེལ་མཁན་ཡང་ཉུང་དུ་ཕྱིན་ཡོད། དཀའ་སྤྱད་ངལ་རྩོལ་བྱེད་མཁན་མང་དུ་ཕྱིན་པ་མ་ཟད་རང་མི་རིགས་ཀྱི་གླུ་གར་རིག་གནས་རྒྱུད་འཛིན་ལ་དོ་ཁུར་བྱེད་མཁན་ཡང་མང་དུ་ཕྱིན་ཡོད།

བོད་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རྒྱལ་ཡོངས་ནས་མི་རིགས་ཉུང་བའི་ལྷོ་པ་མི་རིགས་མང་ཚོགས་ཀྱི་འཚོ་བར་རྒྱལ་ཡོངས་མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱས་པ་དང་ཆབས་ཅིག་ང་ཚོར་དམངས་ཕན་སྲིད་ཇུས་སྔར་བས་མང་བ་བཏོན་ནས་གཟིགས་སྐྱོང་བྱས་ཡོད།

2006ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་ཞིང་ཁང་སྒྱུར་བཀོད་དང་། སྐྱས་སྤོས་འབྲོག་པ་གཞིས་ཆགས། དབུལ་སྐྱོར་གནས་སྤོ། “མཐའ་དར་དམངས་ཕྱུག”བཅས་ཀྱི་བདེ་སྡོད་གཙོ་བོར་བྱེད་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཡོད། “སྲིད་གཞུང་གིས་རོགས་རམ་ཕྲན་བུ་བྱེད་པ་དང་། བོད་སྐྱོར་གྱིས་རོགས་རམ་ཕྲན་བུ་བྱེད་པ། དངུལ་ཁང་གིས་དངུལ་བུན་ཕྲན་བུ་གཏོང་བ། མང་ཚོགས་རང་ཉིད་ཀྱིས་གྲབས་གསོག་ཕྲན་བུ་བྱེད་པ”བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་སྡོད་ཁང་བསྐྲུན་པའི་མ་གནས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་དམའ་རུ་གཏོང་གང་ཐུབ་བྱས་ཡོད། ཞིང་འབྲོག་པའི་ཁྱིམ་ཚང་ཕལ་པ་ནས་དུད་ཚང་དབུལ་པོ་དབུལ་རྐྱང་བར་ཁ་གསབ་ཚད་གཞི་སྒོར་ཁྲི་1ནས་སྒོར་ཁྲི་2.5བར་མི་གཅིག་པ་སྤྲད་ཡོད། བདེ་སྡོད་ལས་གྲྭས“བཟོ་བཅོས་དགའ་ན་བཟོ་བཅོས་དང་། བསྐྲུན་རྒྱུར་དགའ་ན་བསྐྲུན་རྒྱུ། གནས་སྤོས་དགའ་ན་གནས་སྤོ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་རང་མོས་གདམ་ག་དང་འཚོ་བའི་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་ཞིང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་སུ་བཏང་ཡོད་པ་རེད།

མདོ་ཡུལ་ཤང་མདོ་ཡུལ་གྲོང་ཚོའི་ཡུལ་མི་ཚོ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་ཁང་གསར་ནང་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་ཁང་པའི་རྒྱབ་མདུན་དུའང་རྩྭ་དང་རྩི་ཤིང་བཏབ་ཡོད། གྲོང་ཚོའི་ནང་ད་དུང་ལྷོ་པ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་རྒྱག་སའི་ཐང་ཆེན་བསྐྲུན་པ་དང་། ཨར་འདམ་ལམ་བཏིང་བ། ཉི་འོད་ནུས་པའི་ལམ་སྒྲོན་བསྒར་བ་དང་ཆབས་ཅིག་ད་དུང་གད་སྙིགས་དང་བཙོག་ཆུ་གཅིག་སྡུད་བསྡུ་རུབ་དང་གཙང་སེལ་བྱས་པས་གྲོང་ཚོ་ཧྲིལ་པོའི་མི་སྡོད་སའི་ཁོར་ཡུག་གསར་རྐྱང་དུ་གྱུར་ཡོད་པ་རེད།

རླུང་འཕྲིན་བརྙན་འཕྲིན་དང་དྲ་སྦྲེལ་ལ་བརྟེན་ནས་མདོ་ཡུལ་ཤང་གི་མང་ཚོགས་ཚོའི་བསམ་བློའི་འདུ་ཤེས་ཀྱང་རིམ་པས་འགྱུར་ལྡོག་བྱུང་བ་དང་། རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པའི”འདུ་འགོད་ལག་ལེན་བསྟར་བ་དེས“ནམ་ལངས་རྗེས་ལས་ཀ་བྱེད་པ་དང་། ཉི་མ་བཞུད་སྐབས་ངལ་གསོ་བའི”འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་དཔྱིས་ཕྱིན་པ་བྱུང་ཡོད།

“ཕྱུག་པོ་བྱེད་པར་ས་ཞིང་འདེབས་པ་དང་ཕྱུགས་འཚོ་བ་ཁོ་ནར་བརྟེན་དགོས་མེད་པར་བྱ་ཐབས་གཞན་ཡང་ཧ་ཅང་མང་པོ་ཡོད་པ་ཤེས་བྱུང་”ཞེས་ཞའོ་ཅ་ཡིའུ་ཡིས་ཚོར་སྣང་ཟབ་མོའི་སྒོ་ནས་བརྗོད་ཅིང་། ཁོང་གིས་རླུང་འཕྲིན་བརྙན་འཕྲིན་ལས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད་དེའི་ཤུགས་རྐྱེན་ཐེབས་ནས་མང་ཚོགས་ཚོ་ཡང་ཤེས་བྱ་སྦྱོང་ཐུབ་པ་དང་ཤེས་དཔལ་གྱི་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།