ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “སྤྱོད་ཚུལ་ལེགས་སུ་གཏོང་བ་དང་གཟུགས་བརྙན་བཟང་པོ་འཛུགས་པ། ཤེས་དཔལ་ལྡན་པའི་ལས་ཁུངས་གཏོད་པ”བཅས་དམ་འཛིན་བྱེད་གཞིར་བྱས་ཏེ “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་ནུས་ལྡན་ངང་སྤེལ་བས་བཀྲག་མདངས་འཚེར་ས་མངོན་གསལ་དོད་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

སྐུལ་སློང་དང་བཀོད་སྒྲིག་སྔ་ཙམ་བྱས་ཤིང་། ནག་ཆུ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《རྫོང་ཡོངས་སུ་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅི། ཤང་ཀྲང་དང་ཀྲེན་ཀྲང་བཅས་ཀྱི་ཁྲོད“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བའི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་། ཞིབ་ཕྲའི་ལས་ཀའི་གོ་རིམ་དཔེ་རིས་དང་སློབ་སྦྱོང་གི་འཆར་གཞི་བཟོས་ཡོད། རང་སྐྱོང་ལྗོངས་དང་ས་ཁུལ་གྱི“ནན་གསུམ་དྲང་གསུམ”གྱི་ཆེད་དོན་ཏང་གི་སློབ་ཚན་མཇུག་འགྲིལ་རྗེས་རྫོང་ཨུད་ཧྲུའུ་ཅིས་ཏང་གི་སློབ་ཚན་འཁྲིད་པའི་རྣམ་པའི་ཐོག་ནས་རྫོང་ཡོངས་ཀྱི་ཆེད་དོན་སློབ་གསོར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།

སློབ་སྦྱོང་ལ་དམ་འཛིན་བྱས་ནས་ངོས་འཛིན་ཟབ་ཏུ་བཏང་ཞིང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་སློབ་སྦྱོང་ཚོགས་འདུ་སྔ་རྗེས་སུ་ཐེངས་དྲུག་འཚོགས་པ་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ ས་ཨུད་ཀྱི་འགོ་ཁྲིད་གཙོ་བོ་བཅས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱོགས་ལྔའི་ཐད་ནས“ནན་གསུམ་དྲང་གསུམ” གླེང་བ》སོགས་ཀྱི་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱས་པས་བསམ་བློའི་ཐད་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོར་འཛིན་པའི་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

སྤྱོད་ཚུལ་ལེགས་སུ་བཏང་ནས་གཟུགས་བརྙན་བཟང་པོ་བཏོད་ཅིང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་རྫོང་ཡོངས་སུ“སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། གཟུགས་བརྙན་བཟང་པོ་གཏོད་པ། ཤེས་དཔལ་ལྡན་པའི་ལས་ཁུངས་གཏོད་པ”བཅས་ཀྱི་བྱེད་སྒོ་སྤེལ་ནས་ཤེས་དཔལ་ལྡན་པའི་ལས་ཁུངས་གཏོད་པའི་ཚད་གཞི་གཏན་འབེབས་དང་བླང་བྱ་གསལ་པོ་བཏོན་ཡོད་ཅིང་། ལས་བྱེད་ལས་བཟོ་ཚང་མས་རང་ལས་ཁུངས་དང་ཚན་པས་ཤེས་དཔལ་ལྡན་པའི་ལས་ཁུངས་གཏོད་པའི་ཐད་ཡིག་ཐོག་ཁས་ལེན་བྱས་ཡོད་པ་རེད།

དོ་དམ་ལ་དམ་འཛིན་བྱས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་།《ལས་བྱེད་ལས་བཟོའི་དགོངས་ཞུའི་འགྲོ་ལུགས་གཉེར་བའི་གནས་སྐབས་ལག་བསྟར་གཏན་འབེབས》སོགས་ཀྱི་ལམ་ལུགས་བཟོས་ཏེ་མཛུབ་རིས་དབྱེ་འབྱེད་ཀྱིས་ལས་ཞུགས་ཞིབ་བཤེར་བྱེད་པའི་བྱ་ཐབས་སྤྱད་པ་བརྒྱུད་ལས་བྱེད་པའི་འཆར་ཅན་གྱི་ལས་ཀ་ཚུགས་པ་དང་ལས་ཀ་གྲོལ་བ། རང་འགན་གཙང་སྒྲུབ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང་། གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་ལས་བྱེད་ལས་བཟོའི་སྒྱིད་ལུག་དང་རྣམ་གཡེང་སོགས་ཀྱི་སྣང་ཚུལ་ངན་པར་འགྱུར་ལྡོག་ཏན་ཏིག་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།