ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་ཟླ11པའི་ཚེས22ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས་གསར་འགོད་པར་རང་སྐྱོང་ལྗོངས་ཞིང་འབྲོག་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང《བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་ཆེད། ཉེ་ཆར་ཞིང་ལས་པུས《བོད་ཀྱི་ཞིང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཞིང་ལས་པུའི་བསམ་འཆར》བཏོན་ནས། ཞིང་ལས་ཐད་ཀྱི་བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བོད་ཀྱི་ཞིང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱིས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ་རེད།

《བསམ་འཆར》ནང་། བོད་ཀྱི་གཞི་རྩའི་ལྗོངས་བབ་དང་། བོད་ཀྱི་ཞིང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཐད་ཀྱི་དོན་སྙིང་གལ་ཆེན་ལ་དབྱེ་ཞིབ་ནན་ཏན་བྱས་རྗེས། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། དམིགས་ཚད། གཞི་རྩའི་རྩ་དོན་བཅས་ཁ་གསལ་བཟོས་པའི་ཁར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ཞིང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་གཙོ་བོ་བཏོན་ནས། ཞིང་ལས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བླང་བྱ་ཁག་ལག་བསྟར་སྔར་བས་ཡག་པོ་བྱས་ཡོད་པ་རེད། 《བསམ་འཆར》ནང་། ཁྱད་ལྡན་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་འབྲོག་ལས་གཏོད་པ། མིས་བཏབ་པའི་གཟན་རྩྭ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྩྭ་ཐང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་ཤེས་ལྡན་པའི་འདེགས་སྐྱོར་ནུས་ཤུགས་ཆེ་རུ་གཏོང་བ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ས་སོན་ལས་རིགས་ཀྱི་མ་ལག་འཛུགས་པ། ཞིང་ལས་ཐོན་རྫས་ཁྲོམ་རའི་ཚོང་གཉེར་ལ་སྐུལ་འདེད་གཏོང་བ། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱེད་པ། ཞིང་ལས་དྭངས་གཙང་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཐབས་ཆེན་པོ་བཅུ་བརྒྱུད། ཞིང་ལས་བོད་སྐྱོར་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་འཁོད་ཡོད་པ་རེད།

《བསམ་འཆར》ནང་བསྟན་དོན། 2020ལོར་སླེབས་སྐབས། བོད་ལྗོངས་ས་མཐོའི་དེང་རབས་ཞིང་འབྲོག་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་རགས་ཙམ་ཆགས་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་འཕར་རྒྱུ། ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་གསར་པ་རིམ་བཞིན་སྟོབས་ཆེར་འགྲོ་རྒྱུ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཉིན་བཞིན་ཆེ་རུ་འགྲོ་རྒྱུ། ཞིང་འབྲོག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུ། ཞིང་འབྲོག་པའི་རང་ངོས་འཕེལ་རྒྱས་གཏོང་ནུས་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུ་བཅས་མངོན་འགྱུར་བྱུང་བ་དང་ཆབས་ཅིག འབྲུ་རིགས་དང་། ཤ་རིགས། འོ་རིགས་བཅས་ཀྱི་ཐོན་འབབ་རང་སྐྱོང་ལྗོངས་ཀྱི་འཆར་འགོད་དམིགས་ཚད་དུ་སླེབས་ནས་ཞིང་འབྲོག་པ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2010ལོ་ལས་ལྡབ་གཅིག་ཡན་འཕར་ཏེ། རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་དང་ཕལ་ཆེར་མཉམ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།