ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་ནས་ཟླ11ཚེས23ཉིན་གློག་འཕྲིན་འབྱོར་གསལ། དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་ས་ཁུལ་དབུལ་པོའི་མང་ཚོགས་གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་ཕྱིར། ད་ལོ་ནས་བཟུང་ནག་ཆུ་ས་ཁུལ་གྱིས་དབུལ་སྐྱོར་གསར་སྤེལ་གྱི་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་གི་ཡོད་པ་རེད།

དབུལ་སྐྱོར་གསར་སྤེལ་གྱི་དོ་དམ་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། གཅིག་ནས“རང་སྐྱོང་ལྗོངས་ཀྱིས་སྤྱི་འགན་ཁུར་བ་དང་། གྲོང་ཁྱེར་དང་རྫོང་གིས་ཐད་ཀར་དོ་དམ། རྫོང་གིས་དོན་འཁྱོལ་དམ་འཛིན། ཤང་གྲོང་གིས་ཆེད་མངགས་སྒྲུབ་པ”བཅས་ཀྱི་དོ་དམ་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་དང་། “མ་དངུལ་དང་། ལས་འགན། དབང་ཆ། འགན་འཁྲི”བཅས་དམིགས་སར་འབྱོར་བའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་རྣམ་གྲངས་སྙན་ཞུ་དང་ཞིབ་བཤེར་མཆན་འགོད་གོ་རིམ་སྟབས་བདེ་རུ་གཏོང་བའི་བླང་བྱ་གཞིར་བཟུང་། རྫོང་ཁག་གི་གནས་བབ་གཙོ་བོར་ལ་སྔར་བས་སྣང་ཆེན་བྱེད་པ་དང་སྤྱི་འདོམས་མ་དངུལ་ལུགས་མཐུན་ངང་བགོ་བཤའ་བརྒྱབ་ནས་དབུལ་སྐྱོར་མ་དངུལ་ལ“གྲིས་གཏུབ་པ་ལྟར”གྱི་སྣང་ཚུལ་མ་ཐོན་པ་བྱེད་པ་དང་། “རྫོང་གིས་དོན་འཁྱོལ་དམ་འཛིན་དང་། ལས་དོན་གྲོང་ཚོར་ཁྱབ་པ་བྱེད་པ། དུད་ཚང་དུ་དབུལ་སྐྱོར་ལ་སྐྱོད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། དབུལ་སྐྱོར་ལས་དོན་གྱི་འགན་འཁྲི་ཞིབ་ཕྲ་རུ་གཏོང་བ། ཤང་དང་གྲོང་རྡལ་གྱི་དབུལ་སྐྱོར་ཆེད་ལས་ལས་བྱེད་པའི་འགན་འཁྲི་དོན་འཁྱོལ། རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གནས་གཏན་འཁེལ་རོགས་སྐྱོར་གྱི་སྟོབས་ཤུགས་འདོན་སྤེལ་བཅས་བྱས་ནས་ཞུགས་པའི་རྣམ་པའི་དབུལ་སྐྱོར་ཁྱབ་སྤེལ་གཏོང་བ་དང་། གཉིས་ནས་རྫོང་རིམ་པའི་དབུལ་སྐྱོར་རྣམ་གྲངས་མཛོད་བཟོས་ནས་དུས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུར་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི200(དངུལ་ཁྲི་200ཚུད་པ)ཡན་ཟིན་པའི་དབུལ་སྐྱོར་རྣམ་གྲངས་ལ་སུས་འཇོན་དེ་འགུགས་དང་ཨར་ལས་གན་རྒྱ་དེ་འཆར་འགོད་བླང་བྱ་དང་མཐུན་པ་བྱེད་པ་མ་ཟད། ལས་འབོར་གསལ་ཐོའང་ཟུར་དུ་འགོད་དགོས་པའི་གཏན་འབེབས་བྱས་པ་རེད།

དབུལ་སྐྱོར་མ་དངུལ་དོ་དམ་གྱི་ལམ་སྲོལ་ལེགས་སུ་གཏོང་བ། གཅིག་ནས་དབུལ་སྐྱོར་དང་། སྒྲིག་བཤེར། རྩིས་བཤེར་བཅས“ཕྱོགས་གསུམ་མཉམ་ཞིབ”ཀྱི་རྣམ་གྲངས་མ་དངུལ་དོ་དམ་དང་ལྟ་སྐུལ་ལམ་སྲོལ་བཟོས་ནས་རྣམ་གྲངས་ཀྱི་མ་དངུལ་ཡོངས་བསྒྲགས་དང་། སྤྱི་བསྒྲགས། གསལ་བསྒྲགས་བཅས་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བ་དང་དབུལ་སྐྱོར་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ནས་དབུལ་སྐྱོར་གསར་སྤེལ་མ་དངུལ་དོ་དམ་བྱེད་ཐབས་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་། ས་གནས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། རྣམ་གྲངས་མ་དངུལ་གྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་ཆེད་དངུལ་ཆེད་སྤྱོད་ཐུབ་པའི་འགན་ལེན་བྱེད་པ། གསུམ་ནས་ས་ཁུལ(རྫོང)གྱི་ལྷན་སྦྱར་དབུལ་སྐྱོར་མ་དངུལ་དོ་དམ་བྱེད་ཐབས་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་ལེ་ལག་ཚང་བའི་དབུལ་སྐྱོར་མ་དངུལ་བེད་སྤྱོད་ཀྱི་ལམ་སྲོལ་དང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱབ་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་རེད།

དབུལ་སྐྱོར་གསར་སྤེལ་གྱི་དཔྱད་ཞིབ་ལམ་སྲོལ་ཞིབ་ཚགས་སུ་གཏོང་བ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་གྱི་བྱས་རྗེས་དེ་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་བྱས་རྗེས་ལ་དཔྱད་དཔོག་བྱེད་པའི་ནང་དོན་གཙོ་བོར་བརྩི་བ་དང་ཚན་པ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྐྱོར་གསར་སྤེལ་གྱི་ཕན་འབྲས་དེ་དཔལ་འབྱོར་འཕེལ་རྒྱས་ལ་དཔྱད་དཔོག་བྱེད་པའི་དམིགས་ཚད་གལ་ཆེན་དུ་བརྩིས་ཏེ་དཔྱད་ཞིབ་ནང་འཇུག་པ་དང་། ས་ཁུལ་དབུལ་སྐྱོར་གཞུང་དོན་ཁང་གིས་ལོ་འཁོར་གྱི་དབུལ་སྐྱོར་གསར་སྤེལ་ལས་ཀའི་བྱས་རྗེས་དེ་ཕྱི་ལོའི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་མ་དངུལ་བཀོད་སྒྲིག་དང་སྦྲེལ་མཐུད་བྱེད་ཀྱི་ཡོད་པ་རེད།

གནད་སྨིན་དབུལ་སྐྱོར་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཙོ་གནད་རྫོང་དང་། ཤང་། གྲོང་ཚོ། དུད་ཚང་དབུལ་པོ་བཅས་གནད་སྨིན་དབྱེ་འབྱེད་བྱེད་པ་དང་ཡིག་ཚགས་དང་གཱ་བཟོས་པ་བརྒྱུད་དབུལ་པོའི་གྲངས་འབོར་དང་། ཁྱབ་ཚུལ། དབུལ་ཕོངས་ཡིན་ཚད། དབུལ་ཕོངས་ཆགས་པའི་རྒྱུ་མཚན་བཅས་དུས་ཐོག་ཏུ་ཕྱོགས་ཡོངས་ནས་སྟངས་འཛིན་ཐུབ་པ་དང་། རོགས་སྐྱོར་བྱ་ཐབས་བཟོ་བ། དབུལ་སྐྱོར་ཐོན་ཁུངས་གནད་སྨིན་བཀོད་སྒྲིག་བཅས་བྱས་ནས་དུས་བཀག་ལྟར་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་པ་དང་། དཔལ་མགོན་དང་། ཤན་རྩ། སྙན་རོང་། སོག་རྫོང་བཅས་གཙོ་གནད་རྫོང4དང་། གཙོ་གནད་རོགས་སྐྱོར་ཤང་དང་གྲོང་རྡལ59 གཙོ་གནད་རོགས་སྐྱོར་གྲོང་ཚོ765བཅས་ལ་དམིགས་ཏེ་གཙོ་གནད་རྒྱབ་སྐྱོར་བྱེད་པ། ཡིག་ཚགས་དང་གཱ་བཟོ་བའི་དུད་ཚང་གི་ཡིག་ཚགས་ལ་དམིགས་ཏེ་དུད་ཚང་དུ་འབྱོར་བའི་མ་དངུལ་དེས་རྒྱལ་ཁབ་མ་འཇོག་གི60%བཟུང་བ་དང་རྣམ་གྲངས་ཁྱབ་གདལ་གྱི་ལམ་ལུགས་གཉིས་སྦྲེལ་མཐུད་དབྱེ་འབྱེད་དུད་ཚང་གིས་བཟུང་བའི་བསྡུར་ཚད60%ཡན་ལོན་པ་བྱེད་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་བླང་བྱ་གཞིར་བཟུང་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་མི་གྲངས114887ལ་དམིགས་པ་བཅས་རེད།

ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་དབུལ་སྐྱོར་ལམ་སྲོལ་ལ་སྐུལ་འདེད་གཏོང་བ། གཅིག་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་རྨང་བརྟན་དམངས་ཕན་བྱེད་སྒོ་དང་ཧྲུའུ་ཅི་དང་པོའི་འགན་འཁྲི་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་ཁྲོད་ཀྱི་ཤང་དང་གྲོང་རྡལ་གྱི་དབུལ་སྐྱོར་ཆེད་ལས་ལས་བྱེད་པ་དང་། ཧྲུའུ་ཅི་དང་པོ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བཅས་ཀྱི་སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་དང་དོན་འཁྱོལ་ལ་སྐུལ་མ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཉིས་ནས་ས་ཁུལ་དང་རྫོང་གི་དབུལ་སྐྱོར་འབྲེལ་བའི་ལམ་སྲོལ་སྔར་བས་སྲ་བརྟན་དུ་གཏོང་བ་དང་གནས་གཏན་འཁེལ་དབུལ་སྐྱོར་ལས་འགན་དོན་འཁྱོལ་བྱས་ནས་དབུལ་སྐྱོར་གནས་གནས་གཏན་འཁེལ་དུ་སྔོན་གཏོད་ལེགས་བརྩོན་ལ་སྐུལ་མ་གཏོང་གི་ཡོད་པ་རེད། གནས་གཏན་འཁེལ་དབུལ་སྐྱོར་ས་ཚིགས་དང་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ས་ཚིགས་གཅིག་མཐུན་མིན་པའི་དམིགས་བསལ་གནས་ཚུལ་དེར་དམིགས་ཏེ“རོགས་སྐྱོར་བྱེད་སྐབས་མིར་དམིགས་པ་ལས་གནས་གཏན་འཁེལ་ལ་མི་དམིགས་པའི”བྱེད་ཐབས་བཟོས་ཏེ་ངེས་གནས་རོགས་སྐྱོར་ས་ཚིགས་སམ་གྲོང་ཚོར་བཅའ་སྡོད་བྱ་ཡུལ་ཡིན་ནའང་དབུལ་སྐྱོར་རོགས་སྐྱོར་བྱས་ཚེ་གནས་གཏན་འཁེལ་དབུལ་སྐྱོར་ལས་དོན་ལ་བརྩིས་ཏེ་དབུལ་སྐྱོར་དཔྱད་ཞིབ་བྱེད་ཐབས་ནང་འཇུག་པ། གསུམ་ནས་བོད་སྐྱོར་དབུལ་སྐྱོར་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་ནག་ཆུའི་ཐོན་ཁུངས་དེ་ནང་སའི་མ་དངུལ་དང་ལག་རྩལ་གྱི་ལེགས་ཆ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ཕུགས་ཕན་ལམ་སྲོལ་བཟོས་ནས་དབུལ་སྐྱོར་མ་དངུལ་དང་རྣམ་གྲངས་ཀྱི་ཡོང་ཁུངས་དང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་གི་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།