ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་པ་སྣམ་རྫོང་ནས་ཤེས་རྟོགས་བྱས་པར། འདི་ལོ་ཚུན་རྫོང་དེས“གཞུང་གསུམ”གྱི་གཏོང་སྒོར་ཚོད་འཛིན་ནན་པོ་བྱ་རྒྱུ་དེ་སྤྱོད་ཚུལ་འགྱུར་བ་དང་གཟུགས་བརྙན་གཏོད་པའི་འགག་གནད་སྒྲོལ་ས་གཙོ་བོར་བྱས་ཏེ“སྤྱོད་གཙང་། གྲོན་ཆུང་། ཕན་འབྲས་ཆེར་གཏོང”བཅས་དམིགས་ཚད་ཀྱི་ཐོག་ནས་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་ནང“གཞུང་གསུམ”གྲོན་དངུལ་གྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་ནས་རྫོང་དེ་ཡོངས་ཀྱི་ལས་བྱེད་པས་དམ་ནན་གྱི་འཚོ་བ་མཉམ་དུ་བསྐྱལ་བ་རེད།

“ཁ”ལ་བདག་པོ་བརྒྱབ་པ། “ཞིབ་མཆན་མེད་པ་དང་སྣེ་ལེན་མེད་པའི”ལམ་ལུགས་བཙུགས་ཏེ“དྲ་རྒྱ་དོ་དམ་དང་། བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན། སྒྲིག་ཁྲིམས་དང་ནོར་དོན་ཟུང་འབྲེལ། སྒྲིག་བཤེར་ཟུང་འབྲེལ། ཉིན་ནས་ཟླ་བ་དང་ཟླ་བ་ནས་ལོ་ཚོད་འཛིན། ངེས་ཚད་དབྱེ་ཞིབ། དུས་བཀག་ཡོངས་བསྒྲགས”བཅས་ཀྱི་རྩ་དོན་གཞིར་བཟུང་སྒྲིག་བཤེར་ལྟ་ཞིབ་སྟེགས་བུར་བརྟེན་ནས་གཞུང་དོན་གྱི་སྣེ་ལེན་ཞུ་སྐབས་མཐའ་དག་སྔོན་ལ་ཆོག་མཆན་ཐོབ་དགོས་པ་དང་རྗེས་སུ་གྲོན་དངུལ་གཏོང་བ་དང་། ཁྱབ་ཁོངས་གཏན་འཁེལ་དང་། ས་གནས་གཏན་འཁེལ། ཚད་གཞི་གཏན་འཁེལ། ཟ་རོགས་མི་གྲངས་གཏན་འཁེལ་བཅས་བྱས་ཏེ“གནས་ས་གཅིག་དབར་སྣེ་ལེན་མི་ཞུ་བ་དང་། སྡེ་ཚན་དབར་ཁ་ལག་གཏོང་རེས་མི་བྱེད་པ། གཤམ་སྐྱོད་བྱས་ཚེ་ལས་ཁུངས་ཀྱི་ཟ་ཁང་ནང་ལྟོ་ཟ་བ”སོགས་བྱས་པ་རེད།

“འགྲོ་སྐྱོད”ཚོད་འཛིན་བྱས་པ། ཤང་གྲོང་འགའ་ཞིག་ས་ཐག་རིང་བ་དང་། ཁྲིམས་འཛིན་གྱི་ཁྱབ་རྒྱ་ཆེ་ལ་ལམ་ཐག་རིང་བ། གཞུང་སྤྱོད་སྣུམ་གྲོན་མང་བ། རླངས་འཁོར་ཉམས་བཟོའི་གྲོན་དངུལ་མཐོ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་གཞུང་དོན་སྒྲུབ་པའི་སྣུམ་གྱི་ཟད་གྲོན་ཞིབ་གཏན་དང་། གནས་གཏན་འཁེལ་གྱི་འགན་བཅོལ། གནས་གཏན་འཁེལ་གྱི་ཉམས་བཟོ་བཅས་དང་། ཟླ་རེར་མཇུག་རྩིས་རྒྱག་པ་དང་དུས་བཀག་ཡོངས་བསྒྲགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ་གཞུང་འཁོར་གཅིག་གྱུར་ཐོག་བཀོད་གཏོང་དང་གནས་གཏན་འཁེལ་དུ་འཇོག་པ། གཞུང་འཁོར་བཀོད་སྒྲིག་ཉུང་ཙམ་བྱེད་པ། གཞུང་འཁོར་སྒེར་སྤྱོད་སྔོན་འགོག་ནན་པོ་བྱེད་པ། གཞུང་འཁོར་འཁོར་སྐྱོད་ཀྱི་མ་གནས་ལ་ཚོད་འཛིན་བཅས་བྱས་ཡོད་པ་རེད།

“ནོར་དོན”དོ་དམ་ནན་པོ་བྱས་པ། ལྐོག་མཐུན་ལག་སྦྲེལ་སྔོན་འགོག་བྱ་ཆེད“ནོར་དོན་ཡོངས་བསྒྲགས”དོ་དམ་ཁྱབ་གདལ་བཏང་བ་དང་ནོར་དོན་གྱི་གཏོང་ཡོང་ཟླ་རེར་ཁག་བགོས་དོ་དམ་འགོ་ཁྲིད་པར་སྙན་སེང་ཞུ་བ་དང་། དུས་ཚིགས་རེར་ནོར་དོན་འཆར་ཅན་ཚོགས་འདུའི་ཐོག་བརྡ་ཁྱབ་གཏོང་བ། ལོ་ཕྱེད་རེ་ནང་ཏང་རྩ་འཛུགས་ལ་གོང་ཞུ་བྱེད་པ་བཅས་ཀྱི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དུས་བཀག་ནང་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། མིག་སྔའི་བར། རྫོང་དེ་ཡོངས་ཀྱི་གཞུང་འཁོར་སྤྱོད་གྲོན་སྒོར་ཁྲི་100ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་59%ཆག་པ་དང་གཞུང་དོན་སྣེ་ལེན་གྲོན་དངུལ་སྒོར་ཁྲི་8.17ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་75%ཆག་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།