ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷོ་ཁ་ས་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། སྣེ་གདོང་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི2015ལོའི་ཡར་ཀླུང་དངོས་ཟོག་བརྗེ་རེས་འདུ་ཚོགས་ཟླ12པའི་ཚེས1ཉིན་ནས་ཚེས7ཉིན་བར་དུ་སྣེ་གདོང་རྫོང་གི་མཁར་ཐོག་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་སྤེལ་རྒྱུ་ཡིན་པ་རེད།

རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་སྐབས་སུ་རིག་རྩལ་འཁྲབ་སྟོན་དང་། ཚོང་རྟགས་ངོ་སྤྲོད། དངོས་ཟོག་བརྗེ་རེས་བཅས་སྤེལ་ཏེ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཚན་པ་གདན་དྲངས་ཏེ་རིག་རྩལ་འཁྲབ་སྟོན་བྱ་རྒྱུ་ཡིན་པས། ཡར་ཀླུང་དངོས་ཟོག་བརྗེ་རེས་འདུ་ཚོགས་དེ་ལས་རིགས་སོ་སོ་དང་ཚོང་བདག་སོ་སོས་ཚོང་རྫས་ཉོ་ཚོང་དང་དྲིལ་བསྒྲགས་བྱེད་པའི་སྟེགས་བུ་ཕུལ་བྱུང་དུ་གྱུར་ཡོད་དེ། སྐབས་དེར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ལྷག་བསམ་རྣམ་དག་གི་སྒོ་ནས་ཚོགས་ཞུགས་མགྲོན་པོ་དང་ཚོང་བ་རྣམས་ལ་ཞབས་ཞུ་ཡག་པོ་མཁོ་འདོན་བྱེད་རྒྱུ་ཡིན་ཟེར།

རྒྱུས་ལོན་ལྟར་ན། ཡར་ཀླུང་དངོས་ཟོག་བརྗེ་རེས་འདུ་ཚོགས་ལ་ད་ལྟའི་བར་དུ་ལོ་ངོ34ལྷག་གི་ལོ་རྒྱུས་ལྡན་ཞིང་། དེའི་ཚོང་རྟགས་ཀྱི་ཕན་ནུས་ལྗོངས་ཡོངས་ནས་རྒྱལ་ཡོངས་སུ་རྒྱ་བསྐྱེད་ཡོད་ཅིང་། དངོས་ཟོག་བརྗེ་རེས་འདུ་ཚོགས་སྤེལ་བ་བརྒྱུད་དེ། སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། ཞིང་ལས་ཐོན་རྫས་ཚོང་ར་གསར་གཏོད་བྱེད་པ། མཉམ་ལས་བརྗེ་རེས་བྱ་བར་ཤུགས་སྣོན་དང་། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྟེགས་བུ་བསྐྲུན་ཡོད། དེ་མིན་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། མངའ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།