ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་རིག་གནས་ཐིན་གྱིས་གཙོ་སྒྲུབ་བྱས་ཤིང་། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་གནང་བའི2015ལོའི་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བའི་ལས་བྱེད་མི་སྣའི་གསོ་སྦྱོང་ལྷ་ས་གྲོང་ཁྱེར་ཁྱེར་ནས་སྤེལ་འགོ་བརྩམས་ཤིང་། བོད་ལྗོངས་ཀྱི་ས་ཁུལ་དང་རྫོང་སོ་སོའི་རིག་གནས་ལས་ཁུངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བའི་ལས་བྱེད་མི་སྣ121གསོ་སྦྱོང་ལ་ཞུགས།

རྒྱུས་ལོན་ལྟར་ན། ཐེངས་འདིའི་གསོ་སྦྱོང་ཉིན4ལ་སྤེལ་རྒྱུ་ཡིན་ཞིང་། རིག་གཞུང་སློབ་ཁྲིད་དང་ལག་ལེན་རྟོག་ཞིབ་ཟུང་དུ་འབྲེལ་བའི་གསོ་སྦྱོང་ཐབས་ལམ་བེད་སྤྱད་དེ། གསོ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་ཁྲིམས་ལུགས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པའི་བྱ་བའི་རུ་ཁག་བཙུགས་ཏེ། ལས་བྱེད་མི་སྣའི་འགན་འཁུར་གྱི་འདུ་ཤེས་ལ་ཤུགས་སྣོན་བྱ་རྒྱུ་དང་། རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་ཐད་ཀྱི་བསམ་ཕྱོགས་གསར་བ་གསར་གཏོད་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བའི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་བྱེད་རྒྱུ་དེ་ཡིན། ཐེངས་འདིའི་གསོ་སྦྱོང་གི་ནང་དོན་ལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་དང་། རྣམ་གྲངས་དང་རྒྱུད་འཛིན་མི་སྣའི་སྲུང་སྐྱོང་དང་དོ་དམ་བྱེད་ཐབས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མ་དངུལ་དོ་དམ་བྱེད་ཐབས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་དང་། མ་དངུལ། རྒྱུད་འཛིན་མི་སྣའི་སྙན་ཞུ་ཕུལ་བའི་འབྲེལ་ཡོད་རེ་འདུན་སོགས་འདུས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།