ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་རྒན་གསོ་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། མུ་མཐུད་དུ་འཕར་སྣོན་བྱུང་བའི་རྒན་གསོ་ཞབས་ཞུའི་དགོས་མཁོ་བསྐངས། ཉེ་ལམ། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2015ལོར་ལྷ་ས་གྲོང་ཁྱེར་གྱི་དགུང་ལོ80ཡན་གྱི་རྒན་མི4600ལྷག་གིས་བདེ་ཐང་ཁ་གསབ་རོགས་དངུལ་སྒོར་ཁྲི223ལྷག་བླངས་བ་དང་། ལྔ་སྐྱོང་རྒན་མི་གཅིག་བསྡུས་ངང་གསོ་སྐྱོང་བྱེད་ཚད100%ལ་བསླེབས་ཡོད་པ་རེད།

2007ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་རྒན་གསོ་ཁང་ལ་ཕྱོགས་ཡོངས་འཛུགས་སྐྲུན་བྱས་ཤིང་། ཞིང་སྡེའི་རྒན་གསོ་ལས་ཁུངས་བསྟུད་མར་ཇེ་མང་དུ་འགྲོ་བཞིན་ཡོད་དེ། ཞབས་ཞུ་གཞི་ཁྱོན་ཡང་མུ་མཐུད་དུ་རྒྱ་བསྐྱེད་བཞིན་ཡོད་པས། རྒན་མི་རྣམས་ཀྱི་བསམ་པའི་རིག་གནས་འཚོ་བ་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར་བ་རེད།

རྒན་མའི་འཚོ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་ཆེད། 2013ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་དགུང་ལོ80ཡན་གྱི་རྒན་མའི་བདེ་ཐང་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྔོན་ཆད་ཀྱི་ལོ་རེར་མི་རེར་ཆ་སྙོམས་སུ་སྒོར300རེ་དང་། སྒོར500རེ། སྒོར800རེ་བཅས་ཡོད་པ་ནས་ད་ལྟའི་སྒོར450རེ་དང་། སྒོར750རེ། སྒོར1200རེ་བར་ཇེ་མཐོར་སོང་ཡོད།

དེ་ལས་གཞན། ལྷ་ས་གྲོང་ཁྱེར་གྱི་རྒན་མིའི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། གྲོང་ཁྱེར་ཡོངས་ཀྱི་དགུང་ལོ100ཡན་ཆད་ཀྱི་རྒན་མི་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལོར་ལྷ་ས་གྲོང་ཁྱེར་དུ་དགུང་ལོ100ཡན་གྱི་རྒན་མི23ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་མི7ཇེ་མང་དུ་སོང་བ་དང་། དགུང་ལོ90ནས་དགུང་ལོ99བར་གྱི་རྒན་མི472ཡོད་པ་རེད། 

རྒྱུས་ལོན་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་མུ་མཐུད་དུ་དངོས་ཕན་ལྡན་པའི་རྒན་གསོ་ཕན་བདེ་བྱ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། བགྲེས་སོང་ཅན་གྱི་མི་གྲངས་གནད་དོན་ལ་ཁ་གཏད་འཇལ་རྒྱུ་དང་། རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཁྱིམ་སྡོད་རྒན་གསོ་དང་། སྡེ་ཁུལ་རྒན་གསོ། ལས་ཁུངས་རྒན་གསོའི་གཅིག་གྱུར་རྒན་གསོ་ཞབས་ཞུ་རྣམ་པ་འཐུས་ཚང་བསྐྲུན་ཏེ། རྫོང་རིམ་པའི་སྤྱི་ཚོགས་ཕན་བདེ་ཁང་གི་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། རྒན་གསོ་ཞབས་ཞུ་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།