ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། 2015ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྒྲིག་ལམ་ཞིབ་བཤེར་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་དེ་ལྷ་སར་སློབ་འགོ་ཚུགས་ཤིང་། གསོ་སྦྱོང་འཛིན་གྲྭའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་སྒྲིག་ལམ་ཞིབ་བཤེར་བྱེད་པའི་ནུས་པ་དང་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་ཡིན་པ་རེད།

ད་རེས་ཀྱི་གསོ་སྦྱོང་ཉིན4ཡིན་པ་དང་དེའི་རིང་སྒྲིག་ལམ་ཞིབ་བཤེར་གྱི་ལས་སྒོར་གཞིགས་ཏེ་བརྟག་དཔྱད་དཔང་འཚོལ་དང་། རྩིས་ཐོ་ལྟ་བཤེར། གླེང་མོལ་ཚད་བརྒལ། གྱོད་སྒྲུབ་བདེ་འཇགས། སེམས་ཁམས་བྱང་ཚད་རྒྱ་སྐྱེད་སྦྱོང་བརྡར་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཤིང་། སློབ་ཚན་ཁྲིད་མཁན་ཁག་གཅིག་རང་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཀའི་འཐབ་ཕྱོགས་དང་པོ་ནས་ཡོང་བ་དང་། དེ་དང་ཆབས་ཅིག་དམིགས་བསལ་ཐོག་ཀོང་ཏུང་དང་། ཁྲུང་ཆིང་། ཨན་ཧུའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་བོད་སྐྱོར་གྱོད་སྒྲུབ་རྐང་འཛིན་པ་གདན་དྲངས་ཏེ་སློབ་ཚན་འཁྲིད་རྒྱུ་རེད།

གསོ་སྦྱོང་ནང་དེར་ཞུགས་མི་སྣ་ཡོངས་ཀྱིས་གསོ་སྦྱོང་གོ་སྐབས་ལ་གཅེས་སྤྲས་ཀྱིས་གསོ་སྦྱོང་གི་སྒྲིག་ལམ་ནན་སྲུང་དང་། སྦྱོང་བསམ་ལག་ལེན་ལ་ཤུགས་སྣོན། བློ་རྩེ་གཅིག་བསྒྲིམས་བྱས་ནས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། སྤེལ་རེས་དང་གྲོས་བསྡུར་ལ་ཤུགས་སྣོན་བརྒྱབ་སྟེ་སྒྲིག་ལམ་ཞིབ་བཤེར་ལས་སྒོ་སྦྱངས་ནས་རྟོགས་པ་དང་། ཡག་པོར་སྦྱོང་བ། ཟབ་མོར་སྦྱོང་བ། ཏན་ཏིག་སྦྱོང་བ་བཅས་དངོས་འབྲེལ་བྱས་ཐོག་ཧུར་བརྩོན་གཟབ་ནན་གྱི་སློབ་སྲོལ་དང་འབད་འབུངས་ཡར་བསྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤུས་ཚད་མཐོན་པོའི་ངང་གསོ་སྦྱོང་གི་ལས་འགན་ལེགས་གྲུབ་བྱ་རྒྱུ་དང་། སླད་ཕྱིན་གྱི་ལས་ཀའི་ཁྲོད་སྦྱངས་པ་གོ་ཆོད་པ་བྱས་ནས་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།