འདི་ནི་བོད་རིགས་སློབ་ཕྲུག་ཁ་ཤས་ཀྱིས་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཀྲ་ཤིས་ཕྱུག་ལུང་ཤང་བདེ་ཆེན་སློབ་ཁྲིད་ས་ཚིགས་ཀྱི་གསར་དུ་བརྒྱབ་པའི་སློབ་ཁང་ནང་རང་སྦྱོང་བྱེད་པའི་གནས་ཚུལ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱིས2014ལོ་ནས་བཟུང་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོ་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་འགོ་ཚུགས་པ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་རྫོང་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ62ལ“དྲོ་སྐྱིད་འདུ་འགོད”ལག་བསྟར་བྱས་ཡོད། སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་དང་དེ་བཞིན་ཟུར་ཁྲིད་ཐད་སྤྱོད་པའི་སྡོད་ཁང་དང་འཚོ་བའི་ཐད་སྤྱོད་པའི་སྡོད་ཁང་གསར་སྐྲུན་དང་སྒྱུར་བཀོད་རྒྱས་སྐྲུན་དང་། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག ཁྲོ་ཐབ་ཆུང་གྲས་སྒྲིག་སྦྱོར་སོགས་བྱས་ཏེ་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཚང་མ་རྡོ་སོལ་ཐབ་ལ་བརྟེན་ནས་དྲོད་ལེན་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་ས་གནས་དེ་གའི་བོད་རིགས་སློབ་མ་ཚོར་དྲོ་སྐྱིད་སྦྱིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།