ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཞིབ་འཇུག་ཁང་དང་བོད་ལྗོངས་སློབ་ཆེན་གྱིས་ལྷ་སར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཐོག་མིང་རྟགས་བཀོད་ཡོད། ཕྱོགས་གཉིས་པོས་ཀྲུང་དབྱང་དང་ལྗོངས་ཏང་ཨུད། སྲིད་གཞུང་གི་གལ་ཆེའི་ཐབས་ཇུས་ལ་དམིགས་ནས་སྲིད་ཇུས་ཞིབ་འཇུག་བློ་འདྲི་བྱེད་ས་གཙོ་བོར་འཇོག་པ་དང་། རྩ་འཛུགས་ཀྱི་རྣམ་པ་དང་དོ་དམ་བྱེད་སྟངས་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཞིབ་འཇུག་ཁང་ནི་རང་ལྗོངས་ཀྱི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱེད་པའི་ཇུས་འདོན་ཚོགས་པ་ཡིན་པས། རང་ལྗོངས་ཀྱི་འབྲེལ་ཡོད་གལ་ཆེའི་གནད་དོན་གྱི་ཞིབ་འཇུག་ཁྱབ་ཁོངས་སུ་གལ་ཆེའི་གནས་བབ་བཟུང་ཡོད་པ་མ་ཟད། ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་ཞིབ་འཇུག་དང་བློ་འདྲིའི་ལས་འགན་འཁུར་བའི་ལྗོངས་སྲིད་གཞུང་གི་ཐད་གཏོགས་ཚན་པ་ཞིག་ཡིན་པ་དང་། བོད་ལྗོངས་སློབ་ཆེན་ནི་རང་ལྗོངས་ཀྱི211ལས་གཞིས་གཙོ་གནད་འཛུགས་སྐྱོང་བྱེད་པའི་སློབ་ཆེན་གཅིག་པུ་དེ་ཡིན། ད་ལྟ་རང་ལྗོངས་ཀྱི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག གྲུབ་འབྲས་གཞན་འགྱུར། རིམ་པ་མཐོ་བའི་ཐབས་ཇུས་བློ་འདྲི་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པས། ད་ཐེངས་ཀྱི་འཐབ་ཇུས་མཉམ་ལས་དེ་ནི་ཕྱོགས་གཉིས་པོའི་ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་བྱ་ཐབས་གལ་ཆེན་ཞིག་ཡིན།

མཉམ་ལས་གྲོས་མཐུན་ལ་གཞིགས་ན། ཕྱོགས་གཉིས་པོས་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་ལ་བརྟེན་ནས་བློ་འདྲི་དང་བརྟག་དཔྱད་ཞིབ་འཇུག རྣམ་གྲངས་ཞིབ་འཇུག གསར་སྤེལ། གྲུབ་འབྲས་འོས་སྦྱོར་དང་གཞན་འགྱུར། ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤེལ་རེས་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་། སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་རེད། མཉམ་ལས་ཀྱི་གྲོས་མཐུན་བཞག་རྗེས། བོད་ལྗོངས་སློབ་ཆེན་དུ་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་གལ་ཆེའི་གནད་དོན་ཞེས་པའི་ཞིབ་གྲོས་ཚོགས་འདུ་ཚོགས་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཞིབ་འཇུག་ཁང་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སློབ་ཆེན་བཅས་ནས་ཕེབས་པའི་རིག་གཅིག་མཁས་ཅན་དང་མཁས་དབང་རྣམས་ཀྱིས་ལོ་ལྔ་ཚན་བཅུ་གཉིས་རིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཁྱབ་ཁོངས་ནང་གི་ཞིབ་འཇུག་གྲུབ་འབྲས་ལ་དམིགས་ནས་སྙན་ཞུ་དང་སྤེལ་རེས་གནང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།