ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྤྱི་ཚེས20ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། སྲིད་ཁྲིམས་དང་དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བཅས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ལག་བསྟར་བྱས་ཚུལ་དང་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བསམ་ཕྱོགས་གསན་གནང་བ་མ་ཟད། ཚོགས་ཞུགས་བློ་མཐུན་དང་མཉམ་དུ་གྲོས་བསྡུར་གནང་ཞིང་གྲོས་འགོ་ཡང་བཏོན་གནང་ཡོད།
ཚོགས་འདུའི་ཐོག་སྲིད་ཁྲིམས་དང་དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བཅས་ཀྱི་ལས་ཀའི་ནང་ངེས་པར་དུ་བློ་མཐུན་ཞིས་ཅིན་བིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། བོད་ཀྱི་གནས་ཚུལ་དང་ལས་རིགས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཐོག་ལས་ཀའི་སྤྱི་ཡོངས་ལ་གཞིགས་ཏེ། ལས་ཀའི་ཤུགས་རྒྱག་ས་ཁ་གསལ་བཟོས་ནས་ངོ་བོ་གཏན་འཁེལ་དང་གྲངས་ཚད་གཏན་འཁེལ་བྱེད་རྒྱུར་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས་པ་དང་། བདེ་སྡོད་ལས་ཞེན་དང་འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག་ལྡན་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་རེ་འདུན་བཟང་པོ་དེ། འཐབ་ཇུས་རང་བཞིན་དང་དམིགས་སའི་རང་བཞིན། ལག་བསྟར་བྱས་ན་ཆོག་པ་བཅས་ཀྱི་སྤྱིའི་བསམ་ཕྱོགས་དང་དམིགས་ཚད་ལས་འགན། སྲིད་ཇུས་བྱ་ཐབས། གལ་ཆེའི་རྣམ་གྲངས་བཅས་ལ་འགྱུར་བ་བྱེད་དགོས་ལ། འཆར་འགོད་དེ་གོང་འཕེལ་མགྱོགས་པོ་དང་ཡུན་རིང་བདེ་འཁོད། ཆོད་སེམས་ཆེར་སྐྱེད། འབད་འབུངས་ཡར་བརྩོན་བཅས་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ལ་འགྱུར་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག་ཁྲིམས་བཞིན་བོད་སྐྱོང་དང་ཡུན་རིང་བོད་སྐྲུན་བྱེད་རྒྱུས་ཁྲིད་སྟོན་བྱེད་པ་དང་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་ཤུགས་སྣོན་བརྒྱབ་ནས། དེང་རབས་སྤྱི་ཚོགས་ཀྱི་དོ་དམ་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་འདྲ་མཉམ་གཞུང་དྲང་གི་ཁྲིམས་སྐྱོང་ཁོར་ཡུག སྤུས་ཀ་ལེགས་ཤིང་ལས་ཆོད་ཆེ་བའི་ཞབས་ཞུའི་ཁོར་ཡུག་བཅས་གསར་གཏོད་བྱེད་དགོས་པ་དང་། ལམ་ལུགས་འཐུས་ཚང་བཟོ་བ་དང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གཞི་རྩའི་འཚོ་བ་དང་གཞི་རྩའི་རྒན་གསོ། སྤྱི་ཚོགས་རོགས་སྐྱོབ་སོགས་ཐད་ཀྱི་འགན་སྲུང་ཚད་གཞི་ལོ་རེ་བཞིན་མཐོ་རུ་གཏོང་བ་མ་ཟད་སྤྱི་ཚོགས་ཀྱི་ཕན་བདེའི་མ་ལག་འཐུས་ཚང་བཟོ་དགོས་པ། ལས་ཞུགས་ཨང་དང་པོར་འཇོག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལས་ཞུགས་ཀྱི་སློབ་གསོ་ཁྲིད་སྟོན་དང་ཞབས་ཞུ། དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་ཐུབ་པའི་གཞི་ཁྱོན་ཆེ་རུ་གཏོང་དགོས་པ། འཐབ་སའི་འདུ་ཤེས་ཟབ་ཏུ་བཏང་ནས་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཐོག་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དྲིལ་བསྒྲགས་དང་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་གཏོང་རྒྱུ་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་སྟབས་བདེ་བ། དེ་བས་ལེགས་པ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་རྒྱགས་ཕྱེ་མཁོ་འདོན་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
པར་རིས་གསར་འགྱུར།
ལིས་ཁི་ཆང་གིས་ལའོ་ཝའོ་ཡི་ཙུང་ལི་དང་ནེའུ་ཙི་ལན་གྱི་ཙུང་ལི་གཉིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་ནས་གསུང་བཤད་གནང་།
ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ལ་ཚད་རིམ་ལྔ་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་།
བོད་ཁུལ་གསར་འགྱུར།
- བོད་ལྗོངས་བཟོ་ཚོང་ཁོངས་གཏོགས་ཀྱིས་བསྒྱུར་བཅོས་བྱ་ཐབས་མང་པོ་ཞིག་ལག་བསྟར་བྱས་རྗེས་གྲུབ་འབྲས་བཟང་པོ་ཐོབ་པ།
- རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།
- ལོ་གསུམ་གྱི་ནང་མཚོ་སྔོན་དུ་སྨན་ཁང་གསར་བ་བཅོ་ལྔ་ལས་ནས་མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྟབས་བདེ་བཟོ་རྒྱུ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ནད་ལྕི་མོའི་སྨན་ཡོན་སྒོར་དུང་ཕྱུར་དྲུག་ལྷག་བཏང་ནས་ནད་པ་འབུམ་གཅིག་ཁྲི་ལྔ་ལྷག་གི་ཁུར་བོ་ཇེ་ཡང་དུ་བཏང་།
- མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་དམངས་ཁྲོད་མདའ་འཕེན་འགྲན་སྡུར་སྤེལ།
- ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་རྨ་ལྷོ་ཁུལ་སྨན་ཁང་གི་རྒྱང་བསྟེན་སྙིང་ནད་སྒོ་བསྟེན་དང་ནད་བརྟག་སྒོ་བསྟེན་ཆ་འཕྲིན་མ་ལག་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཞིབ་བཤེར་ཆེན་མོའི་གནད་དོན་དག་ཐེར་གནས་ཚུལ་གྱི་སྙན་ཞུ་ཚོགས་འདུ་བསྡུས།
- གུང་ཧོ་རྫོང་སྲིད་གྲོས་ཀྱིས་འབྲེལ་འདྲིས་བཞིའི་ལམ་ལུགས་ཀྱིས་འགན་སྒྲུབ་ནུས་པ་མཐོར་འདེགས་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ཞིང་ཆེན་ནོར་སྲིད་ཐིན་དང་ཁོར་ཡུག་སྲུང་སྐྱོབ་ཐིན་གཉིས་ནས་སྐོར་ཞིབ་བྱ་བ་སྤེལ།