ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པ་དང་ལྔ་པ་བརྗེ་རེས་བྱེད་པའི་སྐབས་འདིར། རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པའི་རུ་དཔོན་གསོ་སྦྱོང་འཛིན་གྲྭ་ཉིན་ཤས་གོང་ལྷ་སར་གཉེར་བ་རེད། གསོ་སྦྱོང་བྱེད་དོན་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པའི་ལས་དོན་ལ་ཕྱོགས་སྡོམ་གཟེངས་བསྟོད་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པའི་སྐུལ་སློང་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་བྱས་ནས་ཐེངས་འདིའི་བརྗེ་རེས་ལས་དོན་བརྒྱུད་རིམ་ལྡན་པའི་ངང་ཡག་པོར་སྒྲུབ་ཆེད་ཡིན་པ་རེད།

ཐེངས་འདིའི་གསོ་སྦྱོང་ནི་གྲོང་ཚོར་བཅའ་སྡོད་ལས་དོན་ལག་བསྟར་བྱས་ནས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་ཐབས་ལམ་ཡངས་སུ་གཏོང་བ། ཏང་གི་དྲིན་ཚོར་སློབ་གསོ་ཤུགས་ཆེན་གཏོང་བ། བྱ་བ་དངོས་དང་བྱ་བ་ཡག་པོ་སྒྲུབ་པ། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། དབུལ་སྐྱོར་གསར་སྤེལ“5+2”སོགས་གཙོ་གནད་ལས་འགན་ལ་དམིགས་ནས་གཉེར་བ་ཡིན་ལ། དེའི་ཐོག་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་ངོ་འཕྲད་གདོང་ཐུག་སྒོས་སློབ་ཁྲིད་བྱས་པ་མ་ཟད། ད་དུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པའི་གྲས་ཀྱི་རང་སྐྱོང་ལྗོངས་རིམ་པའི་སྔོན་ཐོན་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་རྒྱུའི་སྒྲིག་འཛུགས་ཀྱང་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།