ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་ལས་འགལ་མཁན་ལ་སློབ་གསོ་རྒྱག་བཞིན་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཚན་པས་ཉེ་ཆར་གློག་སྒུལ་སྦག་སྦག་གང་བྱུང་དུ་འགྲོ་སྐྱོད་སོགས་ཟང་ཟིང་གི་རྣམ་པར་བཅོས་སྒྲིག་བྱེད་འགོ་བཙུགས་ཡོད། བཅོས་སྒྲིག་བྱེད་པའི་ཁྲོད་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས་ཉིན་རེའི་ཞོགས་པ་དང་ཉིན་དགུང་། དགོང་མོ་བཅས་འགྲོ་སྐྱོད་བྱེད་མང་བའི་དུས་ཚོད་དང་ཉུང་བའི་དུས་ཚོད་གཙོ་བོར་བཟུང་ནས། གློག་སྒུལ་སྦག་སྦག་གིས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་པའི་སྣང་ཚུལ་མངོན་གསལ་དོད་སའི་ལམ་མདོ་དང་ལམ་དུམ་བུར་གཅིག་བསྡུས་བཅོས་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག་དེ་སྔོན་གློག་སྒུལ་སྦག་སྦག་གི་དོ་དམ་ཁྲོད་སློབ་གསོར་མཐོང་ཆེན་དང་ཆད་གཅོད་ཡང་བའི་དོ་དམ་བྱེད་སྟངས་ལ་འགྱུར་བ་བཏང་སྟེ། གློག་ཞུ་དམར་པོ་འགྲོལ་བ་དང་ལམ་ལྡོག་ནས་ཡོང་བ། རླང་འཁོར་ཆེ་གྲས་ཀྱི་འགྲོ་ལམ་བཟུང་བ་སོགས་ཚབས་ཆེའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་བཅད་ནས་ཉེན་བརྡ་དྲག་པོ་གཏོང་གི་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།