ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭའི་སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་དུས་བདེའི་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། དཔལ་མགོན་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་རྫོང་ཆ་ཚང་སློབ་ཆུང་དུ་བསྐྱོད་དེ་ཁྲིམས་ལུགས་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

འཆད་ཁྲིད་བྱེད་རིང་། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་གྱོད་དོན་ལ་གཞིགས་ནས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པ་དང་། བཅའ་ཁྲིམས་ལ་གཞིགས་ནས་དོན་དག་གླེང་སྟེ། སློབ་མ་ཚོར་སྒྲིག་བཀུར་ཁྲིམས་སྲུང་དང་། རང་གཅུན་འདུ་ཤེས་དང་རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུའི་གལ་ཆེའི་རང་བཞིན་སྐོར་དོན་ཟབ་ལ་གོ་སླ་བའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། ན་སོ་དར་ལ་མ་བབས་པའི་མི་བཙན་ཁྲིད་བྱས་པའམ་ཡང་ན་ཁྲིམས་འགལ་གྱི་བཙན་གནོད་ཕོག་སྐབས་ཀྱི་ཐག་གཅོད་བྱེད་སྟངས་བཅས་འགྲེལ་བཤད་བརྒྱབ་པ། ན་སོ་དར་ལ་མ་བབས་པའི་མིས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་རྒྱུ་བཀག་འགོག་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། ཚང་མས་ཐུན་མོང་ཐོག་འབད་བརྩོན་དང་། ཕྱོགས་བསྡུས་བཅོས་སྐྱོང་། མཉམ་ཤུགས་ཆགས་པ་བཅས་བྱས་ན། ད་གཟོད་ཕན་འབྲས་ཡག་ཤོས་ཐོན་སྲིད་པའི་སྐོར་ལ་རྒྱས་བཤད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།