ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། སྨར་ཁམས་རྫོང་གིས་གྲོང་གསེབ་ཀྱི་དྭངས་གཙང་འདུ་འགོད་དང་། གྲོང་གསེབ་ཀྱི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན། ཤེས་དཔལ་གྲོང་ཚོ་གསར་འཛུགས་སོགས་དམ་འཛིན་བྱེད་གཞིར་བཟུང་ཐོག མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་གཅིག་གྱུར་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་མགྱོགས་སུ་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།
མིག་སྔར་སྨར་ཁམས་རྫོང་གྲོང་ཁུལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3.28ཟིན་པ་དང་། 《སྨར་ཁམས་རྫོང་གྲོང་སྤྱི་ཡོངས་འཆར་འགོད》ལ་རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་མོས་མཐུན་བྱུང་ནས་ཤང་དང་གྲོང་རྡལ་6གི་སྤྱི་ཡོངས་འཆར་འགོད་ལས་དོན་དང་། གེགས་རྗེས་བསྐྱར་སྐྲུན་བྱེད་ཁོངས་ཀྱི་གནོད་འཚེ་ཆུང་ངུ་དང་འབྲིང་ཙམ་ཕོག་པའི་དུད་ཚང་749ཡི་སྡོད་ཁང་ཉམས་གསོ་བརྟན་གཏོང་ལས་དོན། གཅིག་བསྡུས་བཀོད་སྒྲིག་ས་ཚིགས་2བཅས་ལེགས་སྒྲུབ་བྱས་པ་མ་ཟད། ད་དུང་མ་དངུལ་སྒོར་ཁྲི་6911བཏང་བའི་གྲོང་གསེབ་གསར་པ་4འཛུགས་སྐྲུན་ལས་དོན་གྱི་དངོས་གཞི་འཛུགས་སྐྲུན་ཡང་ལེགས་སྒྲུབ་བྱས་ཡོད་པ་རེད།
མང་ཚོགས་ཀྱི་བསམ་བློ་འདུ་ཤེས་སྒྱུར་ཆེད་སྨར་ཁམས་རྫོང་གིས“སྒུག་བརྟེན་སློང”དང“གསེར་གྱི་ཕོར་པ་འཁྱེར་ནས་སློང་མོ་བྱེད་པའི”སྣང་ཚུལ་མེད་པར་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་གསང་སྤྱོད་དང་། འཐུང་ཆུ། ཐབ་ཚང་བཅས་སྒྱུར་བཀོད་དང་དེ་བཞིན་མི་ཕྱུགས་གཉིས་སོ་སོར་བཀར་བ་དང་འཕྲོད་བསྟེན་གྱི་གོམས་སྲོལ་ཡག་པོ་འཇགས་སུ་འཇུག་པ་བཅས་ནས་འགོ་བརྩམས་ཏེ“བཙོག་ཟིང་ཞན”གསུམ་གྱི་སྣང་ཚུལ་རྦད་དེ་བཅོས་སྒྲིག་བྱས་པ་རེད། ལོ་སྟོད་དུ་རྫོང་ཡོངས་ཀྱིས་ཁྱོན་བསམ་པའི་ཤེས་དཔལ་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་150ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
གཞན་ཡང་། སྨར་ཁམས་རྫོང་གིས་གྲོང་གསེབ་གཞུང་ལམ་སྤྱི་ལེ་122.5གསར་སྐྲུན་བྱས་ཤིང་། གྲོང་གསེབ་ཀྱི་དགོན་སྡེའི་གཞུང་ལམ་2དང་བཀོད་སྒྲིག་གཞུང་ལམ་2དང་། ཁྱོན་མ་དངུལ་སྒོར་ཁྲི་2000བཏང་བའི་བྱིས་གྲོངས་ཞབས་བརྟན་དགོན་པའི་གཞུང་ལམ་གྱི་60% མ་འཇོག་སྡོམ་འབོར་སྒོར་དུང་ཕྱུར་3.1945ཟིན་པའི་སྲིད་འཛིན་གྲོང་ཚོ་19དང་འབྲེལ་བའི་ཞིང་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་བཅས་ལེགས་སྒྲུབ་བྱས་པ་དང་། བྱིས་གྲོངས་དང་རྫོང་གྲོང་གི་ཆུ་རགས་ཆུ་ཁུངས་ལས་གྲྭ་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་བཏང་ནས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་དང་ཆུ་བོ་ཆུང་འབྲིང་བཅོས་སྒྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
པར་རིས་གསར་འགྱུར།
བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
བོད་ཁུལ་གསར་འགྱུར།
- ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ཡིག་གཟུགས་རྐོ་འབྲི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྤེལ་འགོ་བརྩམས།
- བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།