ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་ནས་ཟླ11པའི་ཚེས17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་ས་ཁུལ་ཀྱིས2015ལོའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་མི་འདང་ས་དང་གནད་དོན་འཚོལ་ཞིབ་བྱས་པ་དང་ཆབས་ཅིག2016ལོའི“གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོའི་ལས་དོན་ཁག་བཀོད་སྒྲིག་ཀྱང་བྱས་པ་རེད།
ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་ཀའོ་དབྱང་ཚོགས་ཆེན་ལ་ཞུགས་པ་དང་སྦྲགས་སྙན་རོང་རྫོང་དང་དམིགས་ཚད་འགན་འཁྲིའི་ཡི་གེ་ཡང་བཞག་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། “གཉིས་ལྡན་དུད་སྦྲེལ”གཏོད་འདེམས་ལས་དོན་ཡག་པོར་བསྒྲུབ་རྒྱུ་ནི་ནག་ཆུའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྲ་བརྟན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ལས་དོན་དང་རྩ་བཅོས་ཐབས་ཇུས་ཤིག་ཡིན་པས། རྫོང་ཁག་དང་སྡེ་ཚན་ཁག་གིས“གཉིས་ལྡན་དུད་སྦྲེལ”ལས་དོན་གྱི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་དགོས། ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས་མི་འདང་ས་འཚོལ་ཞིབ་ཀྱིས་རྫོང་ཁག་གི“གཉིས་ལྡན་དུད་སྦྲེལ”ལས་དོན་ལ་ཡང་བསྐྱར་ཞིབ་འཇུག་ཇུས་འགོད་ནན་ཏན་བྱེད་པ་དང་། ཤང་དང་གྲོང་ཚོ་བཅོས་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ། ལག་ལེན་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་སྒོའི་ནང་དོན་རྒྱ་ཆེར་གཏོང་བ་བཅས་བྱས་ནས“གཉིས་ལྡན་དུད་སྦྲེལ”གཏོད་པའི་ལས་དོན་དེ་རྫོང་ཁག་དང་སྡེ་ཚན་ཁག་གི་དོན་དངོས་དང་སྔར་བས་འཚམ་པར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ཤུགས་སྣོན་རྒྱག་པ་དང་། ལས་ཀ་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། རིམ་པ་ཁག་གིས་སོ་སོའི་འགན་འཁྲི་འཁུར་ནས་རིམ་པ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་རྣམ་པ་ཡག་པོ་ཆགས་པ་བཅས་བྱས་ནས་ནག་ཆུའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱེད་དགོས། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
པར་རིས་གསར་འགྱུར།
བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
བོད་ཁུལ་གསར་འགྱུར།
- ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ཡིག་གཟུགས་རྐོ་འབྲི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྤེལ་འགོ་བརྩམས།
- བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།