ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཁེ་ལས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་དང་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཅུས་དེའི་གནད་ཆེའི་ཁྲལ་ཁོངས་ཁེ་ལས་ཡིན་པའི་ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སི་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་བཏང་བ་རེད།

ཟངས་རི་རྫོང་རྒྱལ་ཁྲལ་ཅུས་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་ངང་ཁེ་ལས་དེ་དང་འབྲེལ་བ་ཡོད་པའི་ཁྲལ་བསྡུའི་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་གྲལ་བཤེར་བྱས་ནས། ཁེ་ལས་ལ་འཚམས་འདྲིར་སྐྱོད་པ་དང་ཁྲལ་འབྲེལ་ཁེ་ལས་བཞུགས་མོལ་ཚོགས་འདུ་ཚོགས་པ་བརྒྱུད། ཁེ་ལས་ཀྱི་ལུགས་མཐུན་དགོས་མཁོ་ཤེས་རྟོགས་བྱེད་པ་དང་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བ། ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སོགས་གླེང་མང་བའི་གནད་དོན་ཐད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ཁྲལ་བསྡུའི་སྲིད་ཇུས་ལག་བསྟར་དང་། ཁྲལ་འཇལ་གོ་རིམ། ཁྲལ་འཇལ་ཞབས་ཞུ་སོགས་ནང་དོན་ལ་འཚོལ་ཞིབ་བྱས་ནས་ཁྲལ་འཇལ་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་། ཁྲལ་འཇལ་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ་ཁེ་ལས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཆད་ལུས་མེད་པའི་ངང་བེད་སྤྱོད་ཡག་པོ་གཏོང་བར་སྣེ་ཁྲིད་བྱས་པ་རེད། མིག་སྔའི་བར་ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིའི་ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི་509.43ཆག་ཡང་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།