1.jpg

འདི་ནི་ད་ལོའི་ཟླ6པར་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་ཡར་ཀླུང་གཙང་བོའི་ཟམ་ཆེན་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བར་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་གཙོ་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཕལ་ཆེར་གྲུབ་ཡོད་པས། འགྲིམ་འགྲུལ་སྔར་ལས་སྟབས་བདེ་རུ་གྱུར། 2014ལོའི་ལོ་མཇུག་བར་དུ། ལྗོངས་ཡོངས་ཀྱི་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱེད་པའི་ལམ་ཐག་གི་སྤྱི་ལེ་ཁྲི7.5ལ་བསླེབས་ཡོད་དེ། མཐོ་རིམ་ཡན་གྱི་གཞུང་ལམ་གྱི་རིང་ཚད་ལ་སྤྱི་ལེ8891ཡོད་དེ12.6%ཟིན། ལྗོངས་ཡོངས་ཀྱི་རྫོང74ཁྲོད། རྫོང65ལ་སྣུམ་ལམ་བཏང་བ་དང་། སྣུམ་ལམ་གཏོང་ཚད88%ཟིན། གྲོང་རྡལ690ལ་གཞུང་ལམ་བཏང་བ་དང་། གཞུང་ལམ་གཏོང་ཚད99.7%ཟིན། སྲིད་འཛིན་གྲོང་ཚོ5408ལ་གཞུང་ལམ་བཏང་བ་དང་། གཞུང་ལམ་གཏོང་ཚད99.2%ལ་བསླེབས་ཡོད་དེ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར་བའི་འགྲིམ་འགྲུལ་གནས་བབ་ཆགས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།