གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ས་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས8ཉིན། བོད་ལྗོངས་ཀྱི་དྲ་ཐོག་བརྙན་འཕྲིན་ནོར་ནོར་བརྙན་འཕྲིན་ཞེས་པ་དང་ཁ་པར་པར་གཞི་བོད་ལ་གཅེས་ཞེས་པ་དུས་གཅིག་ཏུ་དྲ་བའི་ཐོག་གཏོང་བའི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། ནོར་ནོར་བརྙན་འཕྲིན་ཞེས་པ་ནི་བོད་ལྗོངས་ཀྱི་དྲ་ཐོག་བརྙན་འཕྲིན་གྱི་རྨང་གཞིའི་གར་སྟེགས་ཞིག་ཡིན་ལ་ཤེས་རྟོགས་དང་མྱོང་ཚོར། འཛད་སྤྱོད་ནུས་པ་གཞི་གཅིག་ཏུ་འབྲེལ་བའི་ནུས་མང་དྲ་བ་ཞིག་ཀྱང་ཡིན། ཁ་པར་པར་གཞི་བོད་ལྗོངས་ལ་གཅེས་ཞེས་པ་ནི་བོད་ལྗོངས་ཀྱི་ས་གནས་རང་ལ་ཞབས་ཞུ་སྒྲུབ་རྒྱུ་གཙོ་བོར་བྱས་ཐོག་བོད་ལྗོངས་ཀྱི་ཞིམ་ཟས་དང་ཞག་སྡོད། རོལ་རྩེད། ཉོ་སྒྲུབ་སོགས་ཀྱི་ཞབས་ཞུ་སྒྲུབ་ཀྱི་ཡོད། ཁྱད་ཆོས་ལྡན་པའི་འོས་སྦྱོར་བརྒྱུད་རྒྱ་ཆེའི་དྲ་གྲོགས་ཚོས་བོད་ལྗོངས་ལ་ཤེས་རྟོགས་དང་ད་དུང་བོད་ལྗོངས་ལ་གཅེས་ཞེས་པའི་དྲ་ཐོག་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་ཉན་ཐུབ་པ་དང་ཉར་ཚགས་སོགས་བྱེད་ཆོག་གི་ཡོད།  །

འགྲེམ་བསྒྲགས་ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་གཞས་མ་སྤེན་པ་བདེ་སྐྱིད་ནས་གླུ་གཞས་བཏང་།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།