འདི་ནི་འགན་ལེན་ལྔའི་དུད་ཚང་གི་རྒན་མོ(དཀྱིལ)ཞིག་གིས་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ནས་ཅ་ལག་ཉོ་བའི་གནས་ཚུལ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས6ཉིན་རང་ལྗོངས་ཀྱི་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ཐོག་མ་དེ་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་ནང་སྒོ་བྱང་བཀལ་ནས་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ་རེད། སྒོ་རྩིས་ཚོང་ཁང་དེ་ནི་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ཐུན་མོང་ཐོག་བཙུགས་པ་ཞིག་ཡིན་པ་དེར་བསྡོམས་མ་དངུལ་སྒོར་ཁྲི400བཏང་བ་དང་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ135ཡིན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དགེ་སྒྲུབ་སྒོ་རྩིས་ཚོང་ཁང་དེ་སྤྱི་ཚོགས་ཐོག་རོགས་སྐྱོར་བྱེད་པའི་རྣམ་པ་གསར་པ་ཞིག་ཡིན་པའི་ངོས་ནས་དེའི་དམིགས་ཡུལ་ནི་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རྒྱུན་གཏན་གྱི་འཚོ་བར་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགོས་མཁོ་སྣ་ཚོགས་སྐོང་ཆེད་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གཉིས་ནང་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ལྷ་སའི་ཁྱོན་ཡོངས་སུ་ཁྱབ་པ་བྱས་ཏེ་རྫོང་དང་ཆུས་ཚང་མར་དགེ་སྒྲུབ་སྒོ་རྩིས་ཚོང་ཁང་ཡོད་པ་བྱ་རྒྱུ་ཡིན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།