ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་རྩལ་ནུས་གསོ་སྦྱོང་གཙོ་ཐིག་ཏུ་བྱས་ཏེ་ཐབས་ལམ་མང་པོ་དང་། རིམ་པ་མང་པོ། རྣམ་པ་མང་པོ་བཅས་ཀྱི་ཐོག་ནས་ལས་ཞུགས་གསོ་སྦྱོང་བྱས་ནས་ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་སྔར་བས་ཆེ་རུ་བཏང་བ་དང་ན་སོ་དར་བའི་ངལ་རྩོལ་པས་དེང་རབས་ཅན་གྱི་ལས་ཞུགས་གོམ་སྟབས་རྗེས་སྙེག་ཐུབ་རྒྱུར་རམ་འདེགས་བྱས་ཡོད།

བསམ་གྲུབ་རྩེ་ཆུས་ཀྱིས་ལས་ཞུགས་གསོ་སྦྱོང་གི་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ལས་ཞུགས་གསོ་སྦྱོང་གི་གྲུབ་འབྲས་སྟོན་པ། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་གསོ་སྦྱོང་སྲིད་ཇུས་དང་ཁ་གསབ་བྱ་ཐབས་དཔྱད་ཡིག་སྒྲིག་བཟོ་གཤམ་སྤྲོད་བཅས་བྱས་ཏེ་གསོ་སྦྱོང་གི་དམངས་ཕན་སྲིད་ཇུས་དུད་ཚང་ཁྲི་སྟོང་མང་པོས་རྟོགས་པ་བྱས་ཡོད། མིག་སྔའི་བར་ལས་ཞུགས་གསོ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་ཐེངས3སྒྲིག་འཛུགས་བྱས་ཏེ་དྲིལ་བསྒྲགས་དཔྱད་ཡིག2512བཀྲམ་པ་དང་མི1725ལས་ཞུགས་གསོ་སྦྱོང་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཡོད།

རིག་གནས་ཆུ་ཚད་དམའ་བའམ་ཡང་ན་ཡིག་རྨོངས་ཡིན་པའི་ཞིང་འབྲོག་མང་ཚོགས་ལ་དམིགས་ནས་ལྕགས་རྩིབས་བཟོ་པ་དང་། ཆུ་གློག་བཟོ་པ། མ་བྱན། འདོན་འཇུག་འཕྲུལ་འཁོར་དང་རྐོ་དྲུ་འཕྲུལ་འཁོར་སོགས་ཀྱི་གསོ་སྦྱོང་གཉེར་བ་དང་རིག་གནས་ངེས་ཅན་ལྡན་པའི་ཞིང་འབྲོག་མང་ཚོགས་ལ་རླངས་འཁོར་གཏོང་བའི་གསོ་སྦྱོང་གཉེར་ནས་ལས་ཞུགས་གསོ་སྦྱོང་གི་ལས་དོན་སྤྱི་ཡོངས་ལ་སྐུལ་འདེད་ཐེབས་པ་དང་དོ་སྙོམས་འཕེལ་རྒྱས་ཡོང་རྒྱུའི་འགན་ལེན་བྱས་ཡོད།

བསམ་གྲུབ་རྩེ་ཆུས་ཀྱིས་ཕྱོགས་མང་ནས་ལས་ཞུགས་གསོ་སྦྱོང་གི་མ་དངུལ་འདུ་སྒྲིལ་བྱས་ཏེ་ལས་ཞུཌ་གསོ་སྦྱོང་འཛིན་གྲྭ་གཉེར་ཐེངས་མང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གསོ་སྦྱོང་འདུན་པ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བསྐངས་ཡོད། མིག་སྔར་བསམ་གྲུབ་རྩེ་ཆུས་ཀྱིས་གསོ་སྦྱོང་མ་དངུལ་སྒོར་ཁྲི80འདུ་སྒྲིལ་བྱས་ནས་ལས་ཞུགས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས9གཉེར་ཏེ་འཛུགས་སྐྲུན་ཤེས་ལྡན་པ436གསོ་སྦྱོང་བྱས་པའི་ནང་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་དུས་ཐེངས2གཉེར་ནས་མི56གསོ་སྦྱོང་བྱས་པ་དང་། རླངས་འཁོར་གཏོང་བའི་གསོ་སྦྱོང་དུས་ཐེངས2གཉེར་ནས་མི128གསོ་སྦྱོང་བྱས་པ། འདོན་འཇུག་འཕྲུལ་འཁོར་དང་རྐོ་དྲུ་འཕྲུལ་འཁོར་གསོ་སྦྱོང་དུས་ཐེངས2གཉེར་ནས་མི་78གསོ་སྦྱོང་བྱས་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་རྩལ་ནུས་མཐོར་གཏོང་གསོ་སྦྱོང་དུས་ཐེངས1གཉེར་ནས་མི100དང་དེ་བཞིན་གློག་ཆས་བཟོ་པ34དང་མ་བྱན40གསོ་སྦྱོང་བྱས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།