ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་ཚོགས་འདུ་རྒྱུན་མཐུད་ངང་འཚོགས་ནས 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ཚང་མས་ཀྲུང་དབྱང་གིས《ཚད་གཞི》དང《སྲོལ་ཡིག》བཟོ་བཅོས་པར་འགྲེམས་བྱས་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་གནང་བའི་རྣམ་འགྱུར་གསལ་པོ་མངོན་པ་དང་དུས་བསྟུན་འཕེལ་རྒྱས་ཀྱིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆོད་སེམས་བརྟན་པོ་གང་ལེགས་མངོན་ཡོད་པས་ངེས་པར་དུ་ནང་སེམས་སུ་ཟུག་པ་དང་ཕྱིའི་བྱ་སྤྱོད་དུ་འགྱུར་བ་བྱས་ཏེ་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་མཐོང་ཆེན་བྱེད་མཁན་གྱི་དཔེ་བཟང་བ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཟླ་10ཚེས་30ཉིན་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་ནས་ཆེད་མངགས《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་བྱས་ཤིང་།

ཚོགས་འདུའི་ཐོག་ཏང་ཀྲི་པུའུ་ཁག་གིས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ《ཚད་གཞི》དང《སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་རང་བཤེར་ནན་པོ་བྱེད་པ་དང་། ད་ལྟ་སྤེལ་བཞིན་པའི་ཏང་འཛུགས་སྐྱོང་གི“སྒྲུབ་ཞུ་དང་། དཔྱད་མོལ། ཞིབ་དཔྱད”བཅས་ཀྱི་ལས་དོན་དང་ཟུང་འབྲེལ་བྱེད་པ། མངོན་གསལ་དོད་པའི་གནད་དོན་འཚོལ་བ། གཅིག་སྡུད་ཐོག་དག་ཐེར་བྱེད་པ། གཏན་འབེབས་དང་མི་མཐུན་པའི་རིགས་ངེས་པར་དུ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ལས་མཇུག་མི་འཇོག་པ་དང་ལས་རྙོག་མི་བཟོ་བ་བཅས་བྱས་ནས་བྱ་སྤྱོད་ངོ་མ་དང་ཕན་འབྲས་དངོས་ཐོན་པའི་སྒོ་ནས་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཚོགས་ཞུགས་མི་སྣས་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཞིབ་ཕྲའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སྒྲིག་ཁྲིམས་ནན་པོ་དང་སྤྱོད་ཚུལ་བཟང་པོའི་ཐོག་ནས་སེམས་ཤུགས་གཅིག་སྒྲིལ་ཐུབ་པ་བྱེད་པ་དང“ཁྱོན་ཡོངས་ནས་བཞི”འཕེལ་སྒྱུར་ཨུ་ལྷན་གྱི་ཁོངས་མི་ཡོངས་ལ་དོན་འཁྱོལ་བྱ་རྒྱུར་མཐུན་སྦྱོར་བྱས་ཐོག་བྱ་གཞག་ཁག་སྔར་བས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡུང་ཙེས་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཧྲུའུ་ཅི་ཁྲེན་ཆོན་གོའི“བདུན་གཅིག”དང་རྒྱུན་ལས་ཧྲུའུ་ཅི་ཝུའུ་དབྱིང་ཅེའི“སློབ་སྦྱོང་དྲིལ་བསྒྲགས་གཏིང་ཟབ་དང་། འགན་འཁྲི་གཙོ་བོ་དོན་འཁྱོལ། སྒྲིག་ཁྲིམས་ནན་པོ་ལག་བསྟར། ཞིབ་བཤེར་སྐུལ་འདེད་ནན་པོ”བཅས་ཀྱི་བླང་བྱ་གཞིར་བཟུང་། 《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་སློབ་སྦྱོང་ནན་ཏན་བྱེད་པ་དང་། རྒྱ་ཁྱབ་ངང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་ནན་པོ་བཅས་བྱས་ནས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་བ་བྱེད་དགོས་ཞེས་བཤད་པ་རེད།

ནག་ཆུ་ས་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས《ཚད་གཞི》དང《སྲོལ་ཡིག》ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་དང་ཏང་སྲོལ་ཏང་ཁྲིམས་ཀྱི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་ཆེ་རུ་བཏང་ཚེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི་ཏང་གི་སྒྲིག་ཡིག་དང་། ཏང་སྲོལ། ཏང་ཁྲིམས་བཅས་ཀྱི་འདུ་ཤེས་ཟབ་ཏུ་འགྲོ་ཐུབ། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་དང་སྲུང་བརྩི་ནན་པོ་ཞུ་བ་ནི་འཁུར་འོས་པའི་འགན་འཁྲི་དང་ལས་འགན་ཞིག་ཡིན། ས་ཁུལ་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཚོས་ནང་དོན་ཏན་ཏན་ཏིག་ཏིག་དང་ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ནས《ཚད་གཞི》དང《སྲོལ་ཡིག》གི་སྙིང་དོན་དང་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས། དོན་དངོས་ལས་དོན་ཁྲོད་དང་ལྷག་དོན་དུ་ལྟ་ཞིབ་སྒྲིག་བཤེར་ལས་དོན་སྤེལ་རིང་། རང་འགུལ་ངང《ཚད་གཞི》ལག་ལེན་བསྟར་བ་དང《སྲོལ་ཡིག》གི་གཏན་འབེབས་བློ་ལ་བརྟན་པོར་ངེས་ནས་ཏང་སྲོལ་ཏང་ཁྲིམས་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱ་རྒྱུར་སྣེ་ཁྲིད་བྱ་རྒྱུའི་ངོས་འཛིན་བྱས་པ་རེད།

ཚེས28ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱིས་རྒྱུན་ལས་ཚོགས་འདུ་འཚོགས་ནས《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཚོགས་འདུའི་ཐོག་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ལྟ་སྐུལ་སྒྲིག་བཤེར་རྩད་གཅོད་ཀྱི་བརྒྱུད་རིམ་ཆ་ཚང་ཐོག་མཚོན་པ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དེ་གཉིས་ལག་བསྟར་དོན་འཁྱོལ་བྱེད་པར་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་ཞེས་བཤད་པ་རེད།

ཚེས27ཉིན་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཕེ་གཡོད་ཀྱིས་སློབ་སྦྱོང་བྱས་རྗེས་ཀྲུང་གུང་ཀྲུང་དབྱང་གིས《ཚད་གཞི》དང《སྲོལ་ཡིག》པར་འགྲེམས་གནང་བ་དེ་དུས་ཐོག་ཏུ་འཁེལ་བ་ཞིག་ཡིན་པས 《ཚད་གཞི》དང《སྲོལ་ཡིག》གསར་པ་གཞིར་བཟུང་རང་གཅུན་ནན་པོ་དང་། རང་འདོམས་ནན་པོ། ཁྱིམ་ཚང་སྐྱོང་བ། དཔོན་པོ་ཡག་པོ་བྱེད་པ། མི་ཚུལ་ལྡན་ཞིག་བྱེད་པ་བཅས་བྱས་ནས་རང་འགུལ་ངང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་དབང་ཆ་སྤྱོད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅིར་ཁྱབ་པ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤེ་པ་གྲོང་རྡལ་ཀྲང་པ་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་རྒྱལ་གྱིས“ང་ཚོས་ཏང་ཀྲུང་དབྱང་ལ་ཡིད་ཆེས་ཡོད། 《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་བྱ་རྒྱུ་དེ་ནི་དམངས་ཕན་དམངས་བདེའི་ཤེས་བྱ་ཞིག་ཡིན་པས་ངས་ནན་ཏན་སློབ་སྦྱོང་བྱས་ཏེ་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་སྣེ་འཁྲིད་དེ་རང་འགུལ་ངང་སྲིད་དོན་གཙང་སྐྱོང་དང་དངོས་སྒྲུབ་དམངས་ཆེད་ཀྱི་མིག་དཔེ་འདོན་སྤེལ་བྱ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།