ཀྲུང་གོ་བོད་ཀྱི་དྲ་བིའ་འཕྲིན། གསར་འགོད་པས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་གཞིས་རྩེ་གྲོང་ཁྱེར་ཡན་ལག་ཀུང་སི་ནས་ཤེས་རྟོགས་བྱས་པར། གཞིས་རྩེ་གྲོང་ཁྱེར་གྱི་མཁའ་ཐོག་སྦྲག་ལམ་ཐོག་མ་དེ་དངོས་སུ་བཏོད་ནས་ལས་གཉེར་བྱེད་འགོ་ཚུགས་པས་སྦྲག་ཐོག་བསྐུར་མ་དུས་ཐོག་ཏུ་སྐྱེལ་ཐུབ་རྒྱུ་རེད།

དེ་སྔོན་གཞིས་རྩེ་གྲོང་ཁྱེར་གྱི་མྱུར་སྐྱེལ་སྦྲག་ཐོག་བསྐུར་མ་ཚང་མ་ལྷ་ས་སྦྲག་ཁུལ་ལྟེ་གནས་ཅུས་བརྒྱུད་དགོས་པ་དང་། ཁག་དབྱེ་ནས་ལྷ་ས་མཁའ་འགྲུལ་ས་ཚིགས་བརྒྱུད་ཁྲེང་ཏུར་བསྐུར་གྱི་ཡོད་པས་དུས་ཚོད་ཡུན་རིང་འགོར་གྱི་ཡོད། མཁའ་ཐོག་སྦྲག་ལམ་བཏོད་རྗེས་མྱུར་སྐྱེལ་སྦྲག་ཐོག་བསྐུར་མ་ཐད་ཀར་གཞིས་རྩེ་མཁའ་འགྲུལ་ས་ཚིགས་ནས་ཁྲེང་ཏུར་སྐྱེལ་འདྲེན་ཐུབ་རྒྱུ་མ་ཟད། དུས་ཚོད་ཀྱང་ཉིན་གཉིས་ནས་གསུམ་ལས་འགོར་གྱི་མེད།

གཞིས་རྩེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཚོང་འབྲུ་རྟེན་གཞི་གལ་ཆེན་ཡིན་ལ། བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་ཡང་ཡིན། དེ་གར་ཇོ་རིའི་རང་བྱུང་སྲུང་སྐྱོང་ཁུལ་དང་། བཀྲས་ལྷུན་དགོན། ས་སྐྱ་དགོན་སོགས་ཀྱི་གནས་འགངས་ཆེན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།