ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་རིང་བོད་ལྗོངས་ཀྱི་ས་ཁུལ་དང་སྡེ་ཚན་ཁག་གིས་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་ཚོགས་འདུ་འཚོགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་པའི་གལ་ཆེའི་དོན་སྙིང་ངོས་འཛིན་གང་ལེགས་བྱེད་པ་དང་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་ནན་ཏན་འཁུར་བ་དང་དོན་འཁྱོལ་ཡག་པོ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་འཛིན་ནས་ཏང་དོ་དམ་དང་ཏང་ནན་པོ་སྐྱོང་བའི་ཆབ་སྲིད་ལས་འགན་དེ་དོན་ཐོག་ཏུ་འཁྱོལ་བ་དང་། སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་ལག་ལེན་བསྟར་བ། འགོ་འཁྲིད་ནས་སྒྲིག་ཁྲིམས་ཀྱི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བཅས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

ཟླ11པའི་ཚེས2ཉིན་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱས་པ་རེད། ཚོགས་འདུའི་ཐོག་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་སྒྲིག་རྒྱལ་ཁྲིམས་ལ་བརྩི་སྲུང་ཞུ་བའི་དཔེ་བཟང་ལག་ལེན་པ་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་སྣ་མང་སྤྱོད་པ། སློབ་སྦྱོང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་པ་དང་། འགན་འཁྲི་གཙོ་བོར་ཤུགས་སྣོན་རྒྱག་པ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་བྱེད་དགོས་པ།

ཚད་ལྡན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱ་རྒྱུ་དེ་དུས་དང་རྣམ་པ་ཀུན་ཏུ་གནས་བབ་གལ་ཆེ་སར་བཞག་སྟེ་འགོ་ཁྲིད་ནས་མིག་དཔེའི་ནུས་པ་ཐོན་པ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད་གཏོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་སྒྲིག་ཁྲིམས་ཀྱིས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཟླ11ཚེས2ཉིན་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་པ་རེད། ཚོགས་འདུའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི《ཚད་གཞི》དང《སྲོལ་ཡིག》གིས་ཏང་གི་སྒྲིག་ཡིག་དང་ཏང་གི་འགོ་ཁྲིད་མི་རབས་ཁ་ཤས་ཀྱི་དགོངས་གཞིའི་སྙིང་བཅུད་རྒྱུན་འཛིན་བྱས་ཡོད། 《ཚད་གཞི》དེས་ཀུན་སྤྱོད་རང་འདོམས་ལ་སྣང་ཆེན་བྱེད་པ་དང《སྲོལ་ཡིག》དེས་ལམ་ལུགས་གཞན་འདོམས་ལ་སྣང་ཆེན་བྱས་ནས་ཕན་ཚུན་གཞོགས་འདེགས་དང་གཅིག་ཕན་གཅིག་གྲོགས་ཀྱིས་བླ་ན་མེད་པའི་ཀུན་སྤྱོད་བརྩོན་ལེན་བྱེད་ལུགས་བཏོད་པ་དང་བྱ་སྤྱོད་ཀྱི་མཐའ་ཐིག་གསལ་པོ་བཏོན་ཡོད་ཅེས་བཤད་པ་རེད།

ཟླ10བའི་ཚེས3ཉིན་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ལས་བྱེད་ལས་བཟོའི་ཚོགས་ཆེན་འཚོགས་ནས《ཚད་གཞི》དང《སྲོལ་ཡིག》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་ནན་ཏན་འཁུར་བ་དང་དོན་འཁྱོལ་ཡག་པོ་བྱེད་པའི་དམ་འཛིན་བྱེད་གཞི་གལ་ཆེན་དུ་བརྩིས་ནས་སྤྱོད་གཙང་རང་འདོམས་ཚད་གཞི་ལག་ལེན་བསྟར་བ་དང་འགོ་ཁྲིད་ནས་སྒྲིག་ཁྲིམས་ཀྱི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཟླ10བའི་ཚེས30ཉིན་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་ཚོགས་པ་དང་མཁའ་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པས་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་འཚོགས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཚད་གཞི》དང《སྲོལ་ཡིག》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི《ཚད་གཞི》དང《སྲོལ་ཡིག》གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལག་ལེན་ཉམས་མྱོང་དེ་ཀུན་སྤྱོད་དང་སྒྲིག་ཁྲིམས་ཀྱི་བླང་བྱར་འགྱུར་བ་བྱས་ཡོད། དེ་ནི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། དེས་ཏང་ནང་གི་སྒྲིག་ཁྲིམས་འཛུགས་སྐྱོང་དུས་བསྟུན་འཕེལ་རྒྱས་གཏོང་ཐུབ་པ་བྱས་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་རྩ་བའི་བྱ་ཐབས་ཤིག་ཡིན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཡུན་གནས་ཐུབ་པ་བཅས་ཀྱི་ཐད་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་བཤད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།