“4·25”ཡི་ས་ཡོམ་རྗེས། འགྲམ་གྲོང་རྡལ་གྱི་ཚོང་དུད་ཝང་ཅུན་ཧྲེང་གིས་རང་སྒེར་གྱི་རྒྱུ་ནོར་ལ་མ་བསམས་པར་ཞིག་རོའི་ཁྲོད་དུ་ལུས་པའི་རྒྱལ་དར་ཞིག་བཏོན་ཏེ་གཞན་བརྒྱུད་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཕུལ། བཀོད་སྒྲིག་བྱ་ཡུལ་དུ་ལྟོ་གོས་ལ་སེམས་ཁྲལ་མི་དགོས་པའི་ཝང་ཅུན་ཧྲེང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ངས་རྒྱལ་དར་ཞིག་རྩ་ཆེན་པོས་ཉར་ནས་ཏང་དང་རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་སྔར་བས་ཚོར་ཐུབ་པ་བྱུང་ན་ཅི་མ་རུང་སྙམ་པའི་བསམ་ཚུལ་བཤད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཝང་ཅུན་ཧྲེང་དང་རྒྱལ་དར་སྐོར་གྱི་གནས་ཚུལ་གསན་སྐབས་སེམས་འགུལ་ཆེན་པོ་ཐེབས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་ཞིག་ལ་རྒྱལ་དར་གསར་པ་ཞིག་ཝང་ཅུན་ཧྲེང་ལ་སྐྱེལ་དགོས་པའི་བཀའ་མངགས་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10ཚེས་5ཉིན་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་འཚོ་བ་སྐྱེལ་བཞིན་ཡོད་པའི་གཉའ་ནང་རྫོང་འགྲམ་གྲོང་རྡལ་གྱི་ཚོང་དུད་ཝང་ཅུན་ཧྲེང(གཡོན་གྱི་གཉིས་པ)ལ་དམིགས་བསལ་གྱི་ཕྱག་རྟགས་ཤིག་འབྱོར་ཡོད་པ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་བསྐུར་གནང་མཛད་པའི་རྒྱལ་དར་གསར་པ་དེ་ཡིན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་66འཁོར་བའི་སྐབས་དེར་ཡུན་རིང་རེ་སྒུག་བྱས་པའི་ཝང་ལགས་ཀྱི་བསམ་དོན་འགྲུབ་ཐུབ་པ་བྱུང་ཡོད།

གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་འཚོ་བ་སྐྱེལ་བཞིན་པའི་གཉའ་ནང་རྫོང་འགྲམ་གྲོང་རྡལ་གྱི་ཚོང་དུད་ཝང་ཅུན་ཧྲེང་ལ་དམིགས་བསལ་གྱི་ཕྱག་རྟགས་ཤིག་སྟེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་བསྐུར་གནང་མཛད་པའི་རྒྱལ་དར་གསར་པ་ཞིག་འབྱོར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་66འཁོར་བའི་མཚམས་སུ་ཡུན་རིང་རེ་སྒུག་བྱེད་པའི་ཝང་ཅུན་ཧྲེང་གི་བསམ་དོན་གྲུབ་པ་རེད།

“4·25”ཡི་ས་ཡོམ་རྗེས། གཉའ་ནང་རྫོང་འགྲམ་གྲོང་རྡལ་གྱི་ལོ་58ལ་སླེབས་པའི་ཚོང་དུད་ཝང་ཅུན་ཧྲེང་གིས་ཏང་ཨུད་དང་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ཏེ་དེ་ནས་ཁ་འབྲལ་བའི་སྐབས་རང་སྒེར་གྱི་རྒྱུ་ནོར་ལ་མ་བསམས་པར་ཞིག་རོའི་ཁྲོད་དུ་ལུས་པའི་རྒྱལ་དར་ཞིག་བཏོན་པ་རེད། བཀོད་སྒྲིག་བྱ་ཡུལ་དུ་འབྱོར་རྗེས་ཝང་ཅུན་ཧྲེང་གིས་རྒྱལ་དར་དེ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ལས་དོན་པ་བརྒྱུད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཕུལ་ནས་ཏང་དང་སྲིད་གཞུང་གིས་སྲོག་བསྐྱབས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཟླ་འགའི་ནང་ཏང་དང་སྲིད་གཞུང་གི་རོགས་རམ་འོག་ཝང་ཅུན་ཧྲེང་གྲོང་མི་གཞན་ཚོ་དང་མཉམ་དུ་བཀོད་སྒྲིག་བྱ་ཡུལ་དུ་ལྟོ་གོས་ལ་སེམས་ཁྲལ་མེད་པར་འཚོ་བ་སྐྱེལ་བཞིན་ཡོད། ཝང་ཅུན་ཧྲེང་གི་འདུན་པ་ཆེ་ཤོས་ནི་ནམ་ཡང་རྒྱལ་དར་ཞིག་རྩ་ཆེན་པོས་ཉར་ནས་དུས་དང་རྣམ་པ་ཀུན་ཏུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་ཚོར་ཐུབ་པ་བྱུང་ན་ཅི་མ་རུང་སྙམ་པ་དེ་ཡིན། ཟླ་10ཚེས་4ཉིན་བོད་ཀྱི་སྲུང་སྐར་བརྙན་འཕྲིན་གྱི་བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་ཀྱི“རྒྱལ་སྟོན་གྱི་གཏམ་རྒྱུད”ཞེས་པའི་ལེ་ཚན་ནང་ཝང་ཅུན་ཧྲེང་དང་རྒྱལ་དར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་དེ་བརྗོད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཝང་ཅུན་ཧྲེང་གིས་རྒྱལ་དར་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་ཟོལ་མེད་བརྩེ་བར་སེམས་འགུལ་ཚད་མེད་ཐེབས་ནས་གཞིས་རྩེ་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་ཞིག་ལ་རྒྱལ་དར་གསར་པ་ཞིག་བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་སྡོད་པའི་ཝང་ཅུན་ཧྲེང་ལ་འཕྲོད་དགོས་པའི་བཀའ་མངགས་གནང་བ་རེད།

ཟླ་10ཚེས་5ཉིན་གྱི་སྔ་དྲོར་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིའུ་ཧུའུ་ཧྲན“4·25”ཡི་ས་ཡོམ་གྱི་གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ཏེ་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་རྒྱལ་དར་དེ་ཝང་ཅུན་ཧྲེང་ལ་སྤྲད་པ་རེད།

རྒད་པོས་སྐར་ལྔའི་དར་དམར་ལ་བརྩེ་བ་དེ་ལྟར་བཅངས་དོན་གང་ཡིན་ཟེར་ན། ཝང་ཅུན་ཧྲེང་ངོས་ནས་རྒྱལ་དར་ནི་ཁོང་གི་གཉེན་ཉེ་དང་ཁྱིམ་ཚང་ལྟ་བུ་ཡིན་ལ་ཁོང་གི་ཐམས་ཅད་རེད། ཡོམ་འགོག་གེགས་སེལ་རིང་རྒད་པོས་ཉིན་ལྟར་ལག་ཐོགས་ཁ་པར་ནང་གི་རྒྱལ་དར་གྱི་པར་ལ་ཡང་ཡང་ལྟ་ཡི་ཡོད། ཁོང་གིས“ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ང་ཚོ་གེགས་ཁུལ་མི་དམངས་ཀྱི་སེམས་པ་དང་གཅིག་ཏུ་འབྲེལ་ནས་ང་ཚོ་དཀའ་ངལ་ཆེ་ཤོས་སྐབས་དྲོ་སྐྱིད་ཆེ་ཤོས་དང་རྒྱབ་སྐྱོར་ཆེ་ཤོས་གནང་བྱུང་བས། རྒྱལ་དར་མཐོང་བའི་སྐབས་རླབས་ཆེན་གྱི་ཏང་དང་མེས་རྒྱལ་དྲན་ལ་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་བྱ་རྒྱུར་ཡིད་ཆེས་དང་སེམས་ཤུགས་དེ་བས་ཆེ་བར་གྱུར་སོང”ཞེས་བཤད། བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་ཝང་ཅུན་ཧྲེང་གིས་དེ་གར་དང་བླངས་པ་བྱ་རྒྱུའི་སེམས་ཐག་བཅད་ཅིང་། ཁོང་གིས“ང་བོད་ལ་ལོ་40ལྷག་ཙམ་དང་འགྲམ་ལ་ལོ་30ཙམ་སྡོད་རིང་འགྲམ་གྱི་རྩྭ་དང་ཤིང་སྣ་རྐང་རེ་ལའང་རྒྱུས་མངའ་ཡོད་པས་བོད་ནི་ངའི་ཕ་ཡུལ་དང་འགྲམ་ནི་ངའི་ནང་ཡིན་ལ་དེ་གའི་བོད་རིགས་མང་ཚོགས་རྣམས་ནི་ངའི་གཉེན་ཉེ་ལྟ་བུ་ཡིན། ཁོང་ཚོར་གེགས་བར་བྱུང་དུས་གཞན་ཕན་མི་ཐོགས་པར་དེ་གར་བསྡད་དེ་གཉེན་ཉེ་རྣམས་ལ་རོགས་པ་ཅུང་ཟད་ཐུབ་ན་སྙམ”ཞེས་བཤད།

རླུང་གིས་དར་དམར་ལྷབ་ལྷུབ་ཏུ་གཡོ། གསར་འགོད་པས་ས་ཡོམ་གེགས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་ནས་མཐོང་བ་ནི། དུད་ཁྱིམ་མི་རེ་ངོ་རེའི་གུར་སྟེང་ལ་སྐར་ལྔའི་དར་དམར་བཀལ་བ་དག་རླུང་ཕྱོགས་དང་བསྟུན་ནས་དལ་གྱིས་གཡོ་བ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྒྱལ་གཅེས་སྙིང་སྟོབས་མཚོན་པ་དང་ལྷག་པར་དུ་གངས་ལྗོངས་ཀྱི་བུ་ཕྲུག་གི་སེམས་པ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་གཅིག་ཏུ་འབྲེལ་བའི་སེམས་གཏམ་བརྗོད་པ་དང་གཉིས་སུ་མ་མཆིས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།