ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས2015ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཞོ་སྟོན་གྱི་བརྗོད་བྱ་གཙོ་བོ་ནི“མཛེས་སྡུག་ལྡན་པའི་ཕ་ཡུལ·བདེ་སྐྱིད་ལྡན་པའི་ལྷ་ས”ཞེས་པ་དང་དུས་ཚོད་ནི་ཟླ8པའི་ཚེས14ནས་ཟླ8པའི་ཚེས20ཉིན་བར་ཡིན་ཞིང་། “བདེ་འཇགས་དང་། གྲོན་ཆུང་། ཚད་ལྡན། དམངས་ཆེད”བཅས་ཀྱི་རྩ་དོན་ལ་གཞིགས་ནས་བྱེད་སྒོའི་རྣམ་གྲངས་ཁྱོན་ཁག་ཆེ་བ8དང་བྱེད་སྒོ་ཁག9ཡོད།

གསར་འགྱུར་མགྲིན་ཚབ་པ་དང་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཝུའུ་ཡ་སུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དེ་ཟླ8པའི་ཚེས14ཉིན་གྱི་དགོང་མོ་ལྷ་ས་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ལན་ཆིའུ་སྤོ་ལོ་ཐང་དུ་འཚོག་རྒྱུ་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་སྲོལ་རྒྱུན་ལྷ་མོ་དང་མཚོན་བྱེད་རང་བཞིན་ལྡན་པའི་ཕུལ་བྱུང་གླུ་གར་དང་རོལ་དབྱངས་ཐོག་ནས་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཐད་ལྷ་སར་ཐོབ་པའི་གྲུབ་འབྲས་གང་ལེགས་མངོན་རྒྱུ་རེད། དུས་མཚུངས་སྲོལ་རྒྱུན་གྱི་གོམས་སྲོལ་ལ་གཞིགས་ཏེ་ཟླ8པའི་ཚེས14ཉིན་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་གོས་སྐུ་བཤམས་པའི་བྱེད་སྒོ་གཟབ་རྒྱས་སྤེལ་རྒྱུ་ཡིན་པ་དང་། གཞན་ཡང་ཞོ་སྟོན་རིང་ད་དུང་ཕུལ་བྱུང་གི་ལྷ་མོ་འཁྲབ་སྟོན་དང་། བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་སྐབས་ལྔ་པ། བོད་རིགས་རོལ་དབྱངས་ཞིབ་བསྡུར་ཚོགས་འདུ་སྐབས་གཉིས་པ། གནམ་མཚོ་རྒྱལ་སྤྱིའི་གོམ་བགྲོད་འདུ་ཚོགས། ལྷ་ས་གྲོང་ཁྱེར་གྱི“ལུས་རྩལ་རྒྱན་ཤོག་བུམ་པའི”རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་སྐབས་གཉིས་པ་བཅས་དང་དེ་བཞིན་ས་གཙང་ལྷད་མེད་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་ས་གཙང་ལྷད་མེད་ཐོན་རྫས་འགྲེམས་ཚོང་ཚོགས་འདུ་འཚོག་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།