ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས5ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་གྱི་གཞུང་ལམ་གཙོ་བོར་ཟོག་འདྲེན་རླངས་འཁོར་སྐྱོད་རྒྱུར་ཚོད་འཛིན་དོ་དམ་བྱས་ནས། འགྲིམ་འགྲུལ་བདེ་འཇགས་དང་ཤར་གཏོང་ཐུབ་རྒྱུ་འགན་སྲུང་བྱེད་རྒྱུ་རེད། ཚོད་འཛིན་བྱེད་པའི་རླངས་འཁོར་གྲས་སུ་ཀྲོན་གཉིས་ཡན་གྱི་ཟོག་འདྲེན་རླངས་འཁོར་འབྲིང་གྲས་དང་། ཟོག་འདྲེན་རླངས་འཁོར་ལྕི་རིགས། ཟོག་འདྲེན་འདྲུད་འཁོར། དོལ་པོ་རང་ཕབ་ཀྱི་སྤྱིར་བཏང་ཟོག་འདྲེན་རླངས་འཁོར་ཡང་རིགས། འདྲུད་འཐེན་འཁོར་རིགས་ཚུད་པའི་ཞིང་སྤྱོད་རླངས་འཁོར། ཉེན་ཁ་ཡོད་པའི་དངོས་ཟོག་དབོར་འདྲེན་རླངས་འཁོར་བཅས་ཚུད་ཡོད་པ་དང་། འགྲོ་སྐྱོད་ཚོད་འཛིན་བྱེད་པའི་དུས་ཚོད་ནི། ཞོགས་པའི་ཆུ་ཚོད7ནས་དགོང་མོའི་ཆུ་ཚོས11བར་ཡིན་པ་དང་། འགྲོ་སྐྱོད་ཚོད་འཛིན་བྱེད་ཁོངས་ནི། རྒྱལ་ལམ318ཀྱི་སྟོད་ལུང་གདོང་དཀར་ཟམ་ཆེན་གྱི་ཤར་ངོས་དང་། རྒྱལ་ལམ109ཡབ་མདའ་ཤང་གི་ཤར་ངོས། རྔ་ཆེན་ཟམ་ཆེན་གྱི་ཟམ་སྣེ་བྱང་མའི་ནུབ་ངོས། ལྷ་ས་སྐྱིད་ཆུའི་བྱང་ངོས་ཆ་ཚང་བཅས་རེད། ལྟེ་བའི་གྲོང་ཁུལ་གྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པ་ཡོང་རྒྱུ་འགན་སྲུང་ཐུབ་ཆེད། བཟོ་སྐྲུན་མྱུར་བཟོ་དང་ཨར་ལས་འཛུགས་སྐྲུན། མྱུར་སྐྱོབ་སོགས་ཐད་སྤྱོད་པའི་ཆེད་ལས་ལས་རིགས་ཀྱི་འཕྲུལ་སྒུལ་རླངས་འཁོར་དང་ཨར་སྐྲུན་ཐད་སྤྱོད་པའི་སྐྱེལ་འདྲེན་འཕྲུལ་སྒུལ་རླངས་འཁོར། རླངས་སྣུམ་དང་ཁྲེ་ཡའུ་སྣུམ་དང་སོལ་རླངས། སྨན་སྤྱོད་རླངས་གཟུགས་བཅས་ཐད་སྤྱོད་པའི་སྐྱེལ་འདྲེན་འཕྲུལ་སྒུལ་རླངས་འཁོར་བཅས་ཀྱིས་གྲོང་ཁུལ་ནང་། སྐྱོད་ཆོག་པའི་ལག་ཁྱེར་ཐོག་ནས་དམིགས་བཙུགས་ལམ་ཐིག་དང་དུས་ཚོད་ནང་གྲོང་ཁུལ་དུ་སྐྱོད་ཆོག་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།