ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ཆེད་མཁས་པས་གཞི་རིམ་ལ་ཞབས་ཞུ་བྱེད་པའི་ལྷ་སའི་བྱ་སྤྱོད་དང་ཆེད་མཁས་པ་བརྒྱ་གཞི་རིམ་དུ་སྐྱོད་ནས་ཞབས་ཞུ་བྱེད་པའི་བྱེད་སྒོ་ལྷ་ས་ནས་སྤེལ་འགོ་ཚུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ཆེད་མཁས་པས། གཞི་རིམ་ལ་ཞབས་ཞུ་བྱེད་པའི་ལྷ་སའི་བྱ་སྤྱོད་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཤེས་ལྡན་མི་སྣའི་འཐབ་ཇུས་མཉམ་ལས་བྱེད་ཐེངས་དང་པོ་དེ་རེད། ལྷ་ས་གྲོང་ཁྱེར་གྱིས་དབང་གྲགས་ལྡན་པའི་ཆེད་མཁས་པ་ལ་བརྟེན་ནས་སྡེ་གླིང་དང་ཁེ་ལས། གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས། དེ་བཞིན་གཞི་རིམ་གྱི་སློབ་གྲྭ་དང་། སྨན་ཁང་། འདེབས་འཛུགས་གསོ་སྤེལ་རྟེན་གཞི། ཆེད་ལས་མཉམ་ལས་རྩ་འཛུགས་སོགས་ལ་ཟབ་སྐྱོད་ཀྱིས་སྐོར་ཞིབ་འཆད་འཁྲིད་དང་ཆེད་དོན་སློབ་ཁྲིད། ལག་རྩལ་སྦྱོང་བརྡར། ཁ་གཏད་མཛུབ་ཁྲིད་སོགས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་རྒྱུ་རེད། ཐེངས་འདིའི་ཆེད་མཁས་པས་གཞི་རིམ་ལ་ཞབས་ཞུ་བྱེད་པའི་བྱེད་སྒོའི་ནང་ལྷ་ས་གྲོང་ཁྱེར་གྱི་གོང་འཕེལ་དགོས་མཁོར་གཞིགས་ནས་རྒྱ་ཁྱབ་ཐོག་གཞི་རིམ་གྱི་དགོས་མཁོ་ཤེས་རྟོགས་བྱས་པའི་རྨང་གཞིའི་སྟེང་ཞིང་འབྲོག་ལས་དང་སྨན་བཅོས་འཕྲོད་བསྟེན། ཤེས་ལྡན་མི་སྣའི་ལས་དོན། མཐོ་གསར་ཁུལ་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་གཏན་འཁེལ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།