ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཅུས་དེས་གྲོང་ཁྱེར་དེ་ཡོངས་ཀྱི་ཕྱིར་གཏོང་ཁྲལ་སློག་ལས་སྒོའི་ཡོང་འབབ་ཀྱི་ཕྱིར་སློག་ཡིག་ཆ་དང་པོ་དེ་གྲུབ་འབྲས་ཐོབ་པའི་ངང་བཏོན་ནས་ཁྲལ་སློག་དངུལ་འབོར་སྒོར325421.03ཟིན་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་ཕྱིར་གཏོང་ཁྲལ་སློག(རྩ་ཆག)གི་ཞིབ་མཆན་ལས་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་6པར་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས《ཕྱིར་གཏོང་ཟོག་དངོས་ཀྱི་ཁྲལ་སློག(རྩ་ཆག)ཞིབ་མཆན་དབང་ཆ་གཤམ་སྤྲོད་བྱ་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱི་བརྡ་ཐོ》གཤམ་སྤེལ་བྱས་ནས་ཕྱིར་གཏོང་ཁྲལ་སློག་ཞིབ་མཆན་དབང་ཆ་དེ་ས་ཁུལ(གྲོང་ཁྱེར)རིམ་པར་གཤམ་སྤྲོད་བྱ་རྒྱུ་རེད། ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཁྲལ་སློག་ལས་ཀའི་ཚད་གཞི་སློབ་སྦྱོང་བྱེད་པ་དང་ལས་གནས་ཁག་གི་འགན་འཁྲི་གསལ་པོ་བཟོ་པ་རེད། དུས་འགོའི་ལས་དོན་ལེགས་གྲུབ་ཟིན་རྗེས་ཀུང་སི་ཞིག་གི་ཕྱིར་གཏོང་ཁྲལ་སློག་གི་ལས་སྒོ་ཞིག་དངོས་སུ་བདག་སྤྲོད་བྱས་པ་དང་ལས་ཀའི་ལས་རིམ་གཞིར་བཟུང་ཁྲལ་སློག་སྡེ་ཚན་དེར་མི་ཐབས་དང་དེ་བཞིན་རྩིས་རྒྱག་འཕྲུལ་ཆས་ཀྱི་ཞིབ་དཔྱད་བྱས་ནས་ལས་སྒོ་དེའི་དངོས་ཡོད་རང་བཞིན་གཏན་འཁེལ་བྱས་ཏེ་དུས་རྒྱུན་དང་མི་འདྲ་བའི་གནས་ཚུལ་མེད་པའི་རྨང་གཞིའི་ཐོག་ཕྱིར་གཏོང་ཁྲལ་སློག་དེ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།