ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་བོད་ལྗོངས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར། འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱ་ཆེད། རང་ལྗོངས་ཀྱི་འགྲིམ་འགྲུལ་སྡེ་ཚན་གྱིས་སྤྱི་བདེ་པུའི་འགྲིམ་འགྲུལ་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ8པའི་ཚེས1ཉིན་ནས་བཟུང་ལྗོངས་ཡོངས་སུ་དུས་ཡུན་ཟླ་གཉིས་རིང་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ལ་གཅིག་སྡུད་བཅོས་སྒྲིག་གི་གཅིག་གྱུར་བྱ་སྤྱོད་སྤེལ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་གྱུར་བྱ་སྤྱོད་དེ་དུས་བཀག་ལྔ་རུ་ཕྱེ་ནས་སྤེལ་རྒྱུ་དང་དུས་བཀག་རེར་དུས་ཡུན་ཉིན་བཅུ་ཡིན་ཞིང་། ཟླ8པའི་ཚེས1ནས་ཚེས10ཉིན་བར་གྱི་དུས་བཀག་དང་པོར་ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་དང“གཉེར་སྐྱོང་ནས་གཉེར་སྐྱོང་བྱེད་མཁན་མིན་པར་བསྒྱུར་པའི”འགྲུལ་སྐྱེལ་འཁོར་རིགས་ཆེ་གྲས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་ཡིན་ཞིང་། དེའི་རིང་དུས་ཚོད་ཡོལ་ཡང་ཞིབ་དཔྱད་མ་བྱས་པ་དང་དུས་ཚོད་ཡོལ་ཡང་བེད་མེད་ཟུར་འཇོག་མ་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་འཕྲལ་མར་ཞིབ་དཔྱད་བྱ་རྒྱུ་དང་བེད་མེད་ཟུར་འཇོག་བྱ་རྒྱུ་ཡིན་པ་དང་། ཟླ8པའི་ཚེས13ནས་ཚེས22ཉིན་བར་གྱི་དུས་བཀག་གཉིས་པར་འཁོར་བྱང་རྫུས་མ་བསྒར་བ་སོགས་ཀྱི་འཁོར་རིགས་ལ་གཙོ་གནད་དུ་བཅོས་སྒྲིག་བྱ་རྒྱུ་ཡིན་ཞིང་། འཁོར་བྱང་རྫུས་མ་བསྒར་བ་སོགས་ཀྱི་འཁོར་རིགས་ཁྲིམས་འཛིན་ཡན་ལག་རུ་ཁག་དང་སྔོག་བཤེར་ཚོགས་ཆུང་སོགས་བཙུགས་ཏེ་སྔོག་བཤེར་བྱ་སྤྱོད་བབ་བསྟུན་གྱིས་སྤེལ་རྒྱུ། ཟླ8པའི་ཚེས25ནས་ཟླ9བའི་ཚེས3ཉིན་བར་གྱི་དུས་བཀག་གསུམ་པར་གཉེར་སྐྱོང་སྐྱེལ་འདྲེན་འཁོར་རིགས་དང་ཉེན་ཆའི་དངོས་རྫས་སྐྱེལ་འདྲེན་འཁོར་རིགས་བཅོས་སྒྲིག་བྱ་རྒྱུ་ཡིན་ཞིང་། མཚན་མོ་གློ་བུར་དུ་ཞིབ་བཤེར་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་སྐྱེལ་འདྲེན་ཁེ་ལས་ཀྱིས་སྟབས་བསྟུན་ལྟ་སྐུལ་དོ་དམ་གྱི་འགན་གཙོ་བོ་ཁུར་མིན་གཅིག་སྡུད་ཐོག་བརྟག་དཔྱད་བྱ་རྒྱུ་དང་འགྲུལ་སྐྱེལ་ཁེ་ལས་ཀྱིས་སྟབས་བསྟུན་ལྟ་སྐུལ་ཚོད་འཛིན་རྩིས་ཐོ་འགོད་མིན་ཞིབ་བཤེར་བྱ་རྒྱུ། ཟླ9བའི་ཚེས6ནས་ཚེས15ཉིན་བར་གྱི་དུས་བཀག་བཞི་པར་སློབ་འཁོར་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱ་རྒྱུ་ཡིན་ཞིང་། ས་གནས་དེ་གའི་སློབ་འཁོར་ཐོན་པའི་དུས་ཚོད་དང་ལམ་བུའི་ཁྱད་ཆོས་ལ་དམིགས་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་སློབ་གྲྭའི་མཐའ་འཁོར་གྱི་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ་དང་། སློབ་འཁོར་གྱི་བདེ་འཇགས་དོ་དམ་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུ། སློབ་འཁོར་ནང་མི་ཚད་ལས་བརྒལ་ནས་བླུགས་པའི་གནས་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱ་རྒྱུ། ཟླ9བའི་ཚེས19ནས་ཚེས27ཉིན་བར་གྱི་དུས་བཀག་ལྔ་པར“ཆང་འཐུང་འཁོར་གཏོང”དང“དུག་འཐེན་འཁོར་གཏོང”ལ་སོགས་པའི་ཁྲིམས་འགལ་བྱ་སྤྱོད་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་བཅས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།