ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་དྲིལ་བསྒྲགས་ལས་ཀའི་བློ་འདྲི་དང་རིགས་པས་ཁུངས་སྐྱེལ། ཞིབ་བཤེར། ཆེད་ལས་མཛུབ་ཁྲིད་བཅས་སྔར་བས་ཚད་ལྡན་དང་ཤུགས་སྣོན་རྒྱག་ཆེད། ཚེས20ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བོད་སྐད་ཡིག་དྲིལ་བསྒྲགས་ཀྱི་ཞིབ་དཔྱད་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་ལྷ་སར་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་བོད་སྐད་ཡིག་དྲིལ་བསྒྲགས་ཀྱི་ཞིབ་དཔྱད་རིགས་གཅིག་མཁས་ཅན་ཨུ་ལྷན་ནི་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འགོ་ཁྲིད་འོག་ལྗོངས་ནང་ཁུལ་གྱི་བོད་སྐད་ཡིག་དྲིལ་བསྒྲགས་ཀྱི་ཐོན་རྫས་ལ་ཞིབ་བཤེར་བྱེད་མཁན་གྱི་སྒྲིག་གཞི་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་བོད་སྐད་ཡིག་དྲིལ་བསྒྲགས་ཞིབ་དཔྱད་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་འགན་འཁྲི་དང་ལས་འགན་ནི《བོད་ལྗོངས་ཉིན་རེའི་ཚགས་པར》དང་། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སོགས་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གྱི་བོད་སྐད་ཡིག་ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན་བཅས་ལེ་ཚན་ལ་ཞིབ་དཔྱད་དང་མཛུབ་ཁྲིད་བྱ་རྒྱུ་དང་། སྨྱན་སྦྱོར་ཆེ་གྲས་ཁག་ཏུ་བཏོན་པ་དང་བསྟན་པའི་སྤྱིར་བཏང་གི་བོད་སྐད་ཡིག་དྲིལ་བསྒྲགས་ནང་དོན་ཐད་ཞིབ་དཔྱད་བྱ་རྒྱུ། ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གྱི་བོད་ཡིག་ཡིག་སྒྱུར་གྱི་ཐ་སྙད་གཅིག་གྱུར་དང་ཚད་ལྡན་བཟོ་རྒྱུ་བཅས་ཡིན་པ་དང་དུས་མཚུངས་ལྗོངས་ཡོངས་ཀྱི་ཁང་ཕྱིའི་བོད་སྐད་ཡིག་དྲིལ་བསྒྲགས་ནང་དོན་གྱི་འཐེན་བཤེར་ཞིབ་བཤེར་དང་བོད་སྐད་ཡིག་དྲིལ་བསྒྲགས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གསོ་སྦྱོང་ལས་འགན་ཁུར་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།