ཟླ5པའི་ཚེས18ནས20ཉིན་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་ཟླ5 པའི་ཚེས 18ནས 20ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཚོགས་ཆེན་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཏིང་ཞའོ་ཕིང་རིག་པའི་གཞུང་ལུགས་དང་། "མཚོན་བྱེད་གསུམ"གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འཕྲད་པའི་དུས་བབ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ཕྱོགས་གང་ཅིའི་ལས་དོན་ནན་ཏན་སྒོས་སྒྲུབ་ནས། "ཕྱོགས་ཡོངས་བཞིའི"འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་དང་། "ལོ་བརྒྱ་གཉིས"ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཕྱིར་སྟོབས་ཤུགས་གང་འཇོན་གྱི་རྒྱབ་སྐྱོར་འདོན་སྤྲོད་གནང་དགོས་ཞེས་ནན་གྱིས་བསྟན།

 ཞིས་ཅིན་ཕིང་གིས། མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ནི་གནས་བབ་ཧྲིལ་བོར་ཁྱབ་པའི་ལས་དོན་ཞིག་སྟེ། ན་ནིང་གི་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་སྟེང་། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་རིགས་ལས་དོན་གྱི་སྲིད་བྱུས་ཁ་ཕྱོགས་ཆེན་མོ་དང་འཐབ་ཇུས་འགན་ཁུར་གཏན་འཁེལ་གསལ་བོ་བྱས་ཡོད་ཅིང་། རིམ་པ་ཁག་གི་ཏང་ཨུད་ཀྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་བའི་ཐད་ཀྱི་ལས་དོན་ལེགས་པོ་བསྒྲུབ་ནས། མི་རིགས་ཁག་བར་འཆམ་མཐུན་མཉམ་གནས་དང་། སྐྱིད་སྡུག་མཉམ་མྱོང་། ཞི་མཐུན་འཕེལ་རྒྱས་ཡོང་པའི་ལས་རིམ་ཁག་ལེགས་པོར་སྒྲུབ་དགོས། ཆོས་ལུགས་ཀྱི་ལས་དོན་ནི་ངོ་བོའི་ཐོག་བཤད་ན་མང་ཚོགས་ཀྱི་ལས་དོན་ཏེ། ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་དད་མོས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། རང་རྐྱ་དང་རང་སྒེར་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་སྒོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ མཐུན་པོ་ཡོང་རྒྱུར་ལམ་སྟོན་བྱེད་དགོས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པོ་ཡོང་རྒྱུར་ལམ་སྟོན་བྱེད་དགོས་ན། ངེས་པར་དུ་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་པ། ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་ངེས་པར་དུ་རྩོད་སྒྲུབ་ལྟ་སྟངས་འཛིན་དགོས་པ། ངེས་པར་དུ་ཆོས་ལུགས་སྡེའི་མི་སྣའི་ནུས་པར་མཐོང་ཆེན་དང་འདོན་སྤེལ་གནང་ནས། ཆོས་ལུགས་ཀྱིས་ཧུར་ཐག་སྒོས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་ཐད་ནུས་པ་འདོན་པར་སྣེ་ཁྲིད་དགོས་ཞེས་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།