ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཧ་ཅང་དྲག་པོ་བྱུང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་བརྒྱུད་རིམ་ནང་གི་རྒྱལ་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ནུས་པ་གལ་ཆེན་དང་དོན་སྙིང་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་ཡོད་པས་ང་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལས་གཅེས་ལས་བཀུར་དང་རྩེ་གྲ་གཏོད་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རླབས་ཆེན་འཕེལ་རིམ་ཁྲོད་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་དགོས་ཞེས་ཚང་མས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་སྦྲག་ལམ་ཐོག་ལོ་25རིང་འབད་འཐབ་བྱས་པའི་ཉི་མ་ཚེ་རིང་ནི་ལྷ་སའི་སྦྲག་ཁུལ་ལྟེ་བ་ཅུས་ཀྱི་ཐག་རིང་སྦྲག་སྐྱེལ་ཁ་ལོ་བ་དཀྱུས་མ་ཞིག་ཡིན་པ་དང་། ཁོང་གིས་རླུང་འཕྲིན་བརྒྱུད་ནས་གཟེངས་བསྟོད་ཚོགས་ཆེན་གྱི་གནས་ཚུལ་ཤེས་རྟོགས་བྱུང་བ་རེད། “རླུང་འཕྲིན་ནང་སྟབས་བདེ་ལས་ཤོད་ཀྱི་མིན་འདུག དེ་བས་ཆ་ཚང་བ་ཞིག་ཤེས་རྟོགས་བྱེད་ཆེད་ངས་དེ་རིང་གི་ཚགས་པར་ཞིག་བཙལ་ནས་ལྟ་ཀློག་ཞིབ་ཕྲ་བྱས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་པའི་བདག་པོའི་གནས་བབ་ལ་ཁས་ལེན་དང་མཐོང་ཆེན་གནང་བ་དེ་ནི་ང་ཚོར་སྐུལ་ལྕག་གནང་བ་ཞིག་རེད”ཉི་མ་ཚེ་རིང་གིས་འཚོ་བ་ནི་དཀའ་ཚེགས་ཆེ་བ་དང་ལས་དོན་ནི་ངལ་དུབ་ཆེ་བ་ཞིག་རེད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པར་བརྟེན་ངས་གངས་ལྗོངས་ས་མཐོའི་ཡངས་ཤིང་རྒྱ་ཆེ་བའི་སྦྲག་ལམ་ཐོག་མུ་མཐུད་འབད་འཐབ་བྱ་རྒྱུ་དང་ལས་གནས་ལ་དགའ་ཞེན་དང་འབད་འབུངས་བྱས་ཏེ“གོས་ལྗང་གི་ཕོ་ཉ”ཞིག་གི་བྱ་གཞག་མུ་མཐུད་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།