ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4ཚེས29ཉིན་གྱི་སྔ་དྲོ་ནེ་པ་ལར་རོགས་སྐྱོབ་བྱེད་པའི་བོད་ལྗོངས་ཀྱི་དངོས་ཟོག་ཁག་དང་པོ་གོང་དཀར་གནམ་ཐང་བརྒྱུད་དབོར་འགོ་ཚུགས་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ཁང་གི་སྤྱི་ཁྱབ་ཁེ་སྐྱོང་བ་པ་ཤའོ་དང་རྩིས་སྤྲོད་རྩིས་ལེན་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས་ནེ་པ་ལའི“4·25”ཉིན་གྱི་ས་ཡོམ་དྲག་པོ་ལས་ནེ་པ་ལར་མི་སྣ་ཤི་རྨས་མང་པོ་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པས་སླར་ཡང་ནེ་པ་ལའི་སྲིད་གཞུང་དང་མི་དམངས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན། རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་མཁོ་འདོན་བྱས་པའི་སྒོར་ཁྲི600རི་བའི་ཛ་དྲག་གེགས་སེལ་དངོས་ཟོག་ཁག་དང་པོ་གྲབས་གསོག་བྱས་ནས་དེ་རིང་དབོར་རྒྱུ་དང་དངོས་ཟོག་གཞན་དག་གཅིག་རྗེས་གཉིས་མཐུད་ངང་ནེ་པ་ལར་དབོར་རྒྱུ་ཡིན་པས་གེགས་སེལ་དངོས་ཟོག་དེ་དག་གིས་ནེ་པ་ལའི་མི་དམངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བསྐངས་ནས་དཀའ་གནད་ལས་སྒྲོལ་ཐུབ་པའི་རེ་བ་ཡོད། རང་བྱུང་གནོད་འཚེ་འཕྲད་སྐབས་ཕན་ཚུན་རོགས་སྐྱོབ་བྱེད་པ་དེ་ཐོག་ནས་ཀྲུང་ནེ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་དཀའ་སྡུག་མཉམ་མྱོང་བྱེད་པའི་བརྩེ་སེམས་ཟབ་མོ་མངོན་གྱི་ཡོད། ནེ་པ་ལར་ཡོམ་འགོག་གེགས་སེལ་གྱི་རྒྱལ་ཁ་ཐོབ་ནས་སྔ་ཙམ་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

པ་ཤའོ་ཡིས་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཉེན་ཁའི་དུས་སུ་ནེ་པ་ལར་བྱམས་བརྩེའི་ཕྱག་ཟུང་རིང་དུ་བརྐྱངས་བར་ནེ་པ་ལ་སྲིད་གཞུང་དང་། མི་དམངས། དེ་བཞིན་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ཁང་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལར་ས་ཡོམ་རིམ་པ8.1བརྒྱབ་རྗེས་ཀྲུང་གོ་ཚུད་པའི་རྒྱལ་ཁབ་ཁག་གི་རོགས་སྐྱོབ་མི་སྣ་མྱུར་དུ་ནེ་པ་ལའི་གེགས་ཁུལ་དུ་བསྐྱོད་དེ་ནེ་པ་ལའི་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་གནང་བར་ནེ་པ་ལ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།