ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ནེ་པ་ལར་ས་ཡོམ་བརྒྱབ་རྗེས་བོད་རང་སྐྱོང་ལྗོངས་ཀྱི་སྐྱིད་གྲོང་དང་། གཉའ་ལམ། དིང་རི་སོགས་རྫོང་དུ་གནོད་འཚེ་ཚབས་ཆེན་ཕོག་པས་མི་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ས་ཡོམ་ལ་ཡ་ང་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་གཅེས་སེམས་ཀྱིས་ཁེངས། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱེད་པ་དང་སེར་སྣ་མེད་པར་དངུལ་ཞལ་འདེབས་བརྒྱབ་སྟེ་གནོད་འཚེ་ཕོག་ཁུལ་གྱི་མི་དམངས་ལ་གཅེས་སེམས་མཚོན་པ་བྱས་པ་རེད།

ཚེས29ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་གིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་སྒོར་ཁྲི10བརྒྱབ་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་ལ་རོགས་སྐྱོར་བྱས་པ་རེད།

ས་ཡོམ་གྱི་གནོད་འཚེ་ཐོན་རྗེས་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱིས་དེ་མ་ཉིད་དུ་ས་ཡོམ་གྱི་འཕྲལ་སྡོམ་ལམ་སྲོལ་བཟོས་ཏེ་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ནས་ཡིན་པའི་དགེ་སློབ་ལ་སེམས་གསོ་གཏོང་བ་སོགས་ཀྱི་འབྲེལ་ཡོད་ལས་དོན་ནན་ཏན་ངང་བསྒྲུབས་པ་རེད། བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱིས་དེ་མ་ཉིད་དུ་སློབ་གྲྭའི་འགོ་ཁྲིད་དང་། སློབ་གླིང་ཁག་དང་སྡེ་ཚན་ཁག་གི་འགན་ཁུར་བློ་མཐུན་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ནས་ཡིན་པའི་དགེ་སློབ་ཀྱི་ཉལ་ཁང་དུ་ཁོ་ཚོར་འཚམས་འདྲི་བྱེད་པར་བཏང་བ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ས་ཡོམ་གྱི་འཕྲལ་སྡོམ་ལམ་སྲོལ་བཟོས་རྗེས་བོད་ལྗོངས་སློབ་ཆེན་གྱིས་རྒྱ་ཆེའི་དགེ་སློབ་དང་ལས་བཟོ་སྐུལ་སློང་བྱས་ནས་རིམ་པ་བཞིན་ཡོམ་འགོག་རོགས་སྐྱོབ་ལས་དོན་སྤེལ་བ་དང་རྒྱ་ཆེའི་དགེ་སློབ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས་རང་ལྗོངས་ཀྱི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་བརྒྱབ་པ་དང་ཚང་མས་གཅིག་རྗེས་གཉིས་མཐུད་ངང་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོབ་བྱས་ཤིང་། ཟླ4ཚེས29ཉིན་བར་བོད་ལྗོངས་སློབ་ཆེན་གྱི་ཞལ་འདེབས་རྒྱག་མཁན་མི་གྲངས3217ཟིན་པ་དེའི་ནང་ལས་བཟོ1046དང་། ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན11 སློབ་མ2144 གནས་སྐབས་གླ་པ16བཅས་ཡོད་པ་དང་ཞལ་འདེབས་དངུལ་སྒོར་ཁྲི34ལྷག་ཙམ་ཟིན་ཡོད།

ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་ལས་བཟོས་ཁྱོན་སྒོར་ཁྲི15.6རྩིས་བཤེར་ཐིང་གིས་སྒོར་ཁྲི་8ཞལ་འདེབས་བརྒྱབ་པ་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཞལ་འདེབས་སྒོར་ཁྲི13གྲབས་གསོག་བྱས་པ་དང་འབྲེལ་མི་བཅུ་གཅིག་ལས་གྲུབ་པའི་འཕྲལ་སྡོམ་སྨན་བཅོས་ཡན་ལག་རུ་ཁག་ཁག་དང་པོ་མངགས་པ་དེས་སྒོར་ཁྲི17ཙམ་རི་བའི་སྨན་རྫས་དང་འཚོ་བའི་མཁོ་ཆས་འཁྱེར་ཏེ་གཞིས་རྩེའི་གནོད་འཚེ་ཕོག་ཁུལ་དུ་ཡོམ་འགོག་རོགས་སྐྱོབ་ཀྱི་ལས་དོན་ནང་ཞུགས་པ་རེད། ཚན་རྩལ་ཐིང་གིས་ཞལ་འདེབས་སྒོར་ཁྲི4བརྒྱབ་པ་དང་སྒོར་ཁྲི8རི་བའི་ཉི་འོད་ནུས་པའི་ཁྱིམ་སྤྱོད་མ་ལག་ཆ་ཚང5དང་ཉི་འོད་ནུས་པའི་གློག་བཞུ300གནོད་འཚེ་ཕོག་ཁུལ་དུ་དབོར་འདྲེན་བྱས་པ་རེད།

གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་ལྟ་བུ་དང་ལེགས་སྐྱེས་ལས་གཅེས་སེམས་མངོན། གཞུང་ཁོངས་ཁེ་ལས་ཏེ་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་དམངས་སྲིད་ཐིང་གི་ཞལ་འདེབས་རྩིས་ཁྲ་བརྒྱུད“4·25”ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་སྒོར་ཁྲི100ཞལ་འདེབས་བརྒྱབ་པ་རེད།

ཀྲུང་དབྱང་ཏང་གི་སློབ་གྲྭའི་དུས་ཐེངས་55དང་56པའི་བོད་ལྗོངས་འཛིན་གྲྭའི་དགེ་སློབ་ཚང་མས་ཕ་ཡུལ་ལ་གནོད་འཚེ་ཕོག་པ་ཤེས་རྗེས་སེམས་པ་གནོད་འཚེ་ཕོག་ཁུལ་དུ་བཅངས་ནས་སྒོར49400ཞལ་འདེབས་བརྒྱབ་ཅིང་། དགེ་སློབ་ཡོངས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་པེ་ཅིང་དུ་ཡོད་ཀྱང་ང་ཚོའི་སེམས་པ་ཕ་ཡུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་དང་གཅིག་ཏུ་འབྲེལ་བ་དང་དུས་དང་རྣམ་པ་ཀུན་ཏུ་གནོད་འཚེ་ཕོག་ཚུལ་ལ་དོ་ཁུར་བྱེད་ཀྱི་ཡོད། ཏང་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཕྱར་བ་གྲུ་འདེགས་འོག་ཕ་ཡུལ་བོད་ལྗོངས་ད་ཐེངས་ཀྱི་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

ཟླ4ཚེས28ཉིན་རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་ཅུས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚང་མ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་གང་ལེགས་བཏང་སྟེ་ནུས་པས་ལྕོགས་ཚོད་ཀྱིས་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་གཅེས་སེམས་མཚོན་པ་བྱས་ཤིང་། ད་ཐེངས་ཀྱི་ཞལ་འདེབས་བྱེད་སྒོར་རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱི་མི47གྱིས་སྒོར17200ཞལ་འདེབས་བརྒྱབ་སྟེ་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་མང་ཚོགས་ཉེན་ཁའི་གནས་ལས་སྔ་ཙམ་ཐར་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་ཆེད་རང་ཉིད་ཀྱི་གཅེས་སེམས་མཚོན་པར་བྱས་པ་རེད།  །

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།