ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4ཚེས30ཉིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་པེ་ཅིང་གི་དགའ་ལྡན་བྱིན་ཆགས་གླིང་དུ་སྨོན་ལམ་འཚོགས་ཏེ་ནེ་པ་ལ་དང་རང་རྒྱལ་གྱི་བོད་ལྗོངས་ས་ཡོམ་གེགས་ཁུལ་གྱི་ཆེད་དུ་སྨོན་ལམ་བསྐྱོན་པ་རེད།

སྔ་དྲོའི་ཆུ་ཚོད7དང་སྐར་མ30ཡི་ཐོག་དགའ་ལྡན་བྱིན་ཆགས་གླིང་དུ་མཆོད་མེ་ཁྲ་ལྷམ་མེར་བཞད་པ་དང་ཞལ་འདོན་གྱི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གྲྭ་དམངས་དང་ལྷན་དུ《བཟང་སྤྱོད་སྨོན་ལམ》དང《སྐྱབས་འགྲོ》《བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ》སོགས་ཀྱི་ཞལ་འདོན་ཁག་བཅུ་གཅིག་གནང་ནས་གེགས་བར་ཁུལ་གང་མྱུར་གེགས་བར་གྱི་སྡུག་བསྔལ་ལས་ཐར་བ་དང་། ནང་སེམས་པ་དང་ཕྱིའི་ཁྱིམ་གཞིས་གང་མྱུར་བསྐྱར་གསོ་ཐུབ་རྒྱུའི་ཐུགས་སྨོན་གནང་བ་རེད། དེ་རྗེས་པཎ་ཆེན་རིན་པོ་ཆེ་སྐུ་ཉིད་ཀྱིས《ལྟུང་བཤགས》གསུངས་ནས་ཚེ་ལས་འདས་པ་བདེ་བ་ཅན་དུ་སྐྱེ་བ་དང་། ཚེ་དང་ལྡན་པ་སྡུག་བསྔལ་ལས་ཐར་བ། འཛམ་གླིང་ཞི་བདེ་ཡོང་བ། འགྲོ་ཀུན་བདེ་ལ་འཁོད་པ་བཅས་ཀྱི་ཐུགས་སྨོན་གནང་བ་རེད།

སྨོན་ལམ་དེ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་འཚོགས་པ་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་གི་དགེ་འདུན་པ210སྨོན་ལམ་ནང་ཞུགས་པ་རེད།

སྨོན་ལམ་མཇུག་འགྲིལ་རྗེས་པཎ་ཆེན་རིན་པོ་ཆེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བརྒྱུད་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ལ་ཞལ་འདེབས་སྒོར་ཁྲི20བསྐྱོན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།