ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ས་ཡོམ་དྲ་བས་དངོས་སུ་གཏན་འཁེལ་བྱས་པར་གཞིགས་ན། སྤྱི་ཚེས25ཉིན་གྱི་ཕྱི་དྲོའི་ཆུ་ཚོད2དང་སྐར་མ11ཐོག་ནེ་པ་ལར་ས་ཡོམ་རིམ་པ 8.1བརྒྱབ་པ་དང་ས་ཡོམ་གྱི་གཏིང་ཚད་རིང་པོ་མེད་ལ་ཡོམ་ཤུགས་ཆེན་པོ་ཡོད་པ་རེད། ས་ཡོམ་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་སྐྱིད་རོང་གྲོང་རྡལ་གྱི་ཁང་པ་ཁག་ཅིག་ལོགས་པ་དང་། སེར་ཁ་རྒྱུགས་པ་སོགས་བྱས་ཡོད་པ་རེད། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྐྱིད་རོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་ཕྲལ་མར་མྱུར་སྐྱོབ་ལས་དོན་སྤེལ་བ་མ་ཟད། གནོད་འཚེ་འཕོག་ཁུལ་གྱི་མང་ཚོགས་གནས་སྤོས་དང་གུར་རྒྱབ་རོགས་སོགས་བབ་བསྟུན་གེགས་སེལ་མྱུར་སྐྱོབ་ལས་དོན་ཡང་སྤེལ་ཡོད་པ་རེད།
སྐྱིད་རོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ལིའི་གོ་ཝུལ་གྱིས་པར་རིས་མཁོ་འདོན་བྱས།
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།