ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་སློབ་ཆེན་དེང་རབས་སློབ་གསོ་ལག་རྩལ་ལྟེ་གནས་ཀྱིས་འགན་འཁུར་བའི། 2012ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རིག་ཞིབ་འཇུག་རྣམ་གྲངས་སྟེ། བརྗོད་པ་ཐུང་ངུའི་བོད་རྒྱ་སྐད་ཡིག་བསྡོམས་རྩིས་འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་ལ་དམིགས་ནས། བོད་ཡིག་ཚིག་ཕྲད་དང་ཐ་སྙད་ཀྱི་ངོ་བོ་དབྱེ་འབྱེད། བོད་ཡིག་ཐ་སྙད་ཀྱི་མཛོད། བརྗོད་པ་ཐུང་ངུའི་བོད་རྒྱ་སྐད་གཉིས་ཀྱི་བསྡོམས་རྩིས་འཕྲུལ་ཆས་ཡིག་སྒྱུར་ལག་རྩལ་སོགས་ཀྱི་ཁྱབ་ཁོངས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཡོད་པ་དང་། དེང་སྐབས་ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག་འདི་ཉིད། དངོས་སུ་བེད་སྤྱོད་བྱས་པ་བརྒྱུད་ཕན་འབྲས་ཡག་པོ་ཐོན་ནས་མཚོན་རྟགས་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ཞིབ་འཇུག་རྣམ་གྲངས་དེའི་ནང་ཉི་འོད་བོད་ཡིག་རང་འགུལ་ཚིག་ཕྲད་མ་ལག་གིས། སྐར་ཆ་རེར་བོད་ཡིག་ཐ་སྙད་ཆིག་སྟོང་དབྱེ་ཐུབ་ཀྱི་ཡོད་པ་དང་། བོད་ཡིག་གི་དེང་རབས་གཞུང་ཡིག་ཁྱབ་ཁོངས་ནང་གི་ཚིག་ཕྲད་དབྱེ་བ་ཡང་དག་ཚད95%ཟིན་ཡོད་པ་དང་ཆབས་ཅིག རང་འགུལ་ངང་བོད་ཡིག་ཚིག་ཕྲད་དང་ཐ་སྙད་ཀྱི་ངོ་བོ་དབྱེ་རྒྱུར་རམ་འདེགས་བྱ་ཆེད། ཞིབ་འཇུག་རྣམ་གྲངས་དེས་ཆ་འཕྲིན་ཐག་གཅོད་ཐད་བོད་ཡིག་ཐ་སྙད་དབྱེ་འབྱེད་ཚད་ལྡན་སྤྱོད་རྒྱུ་འཐུས་ཚང་བཟོས་པས། བོད་ཡིག་གི་རང་འགུལ་ཚིག་ཕྲད་དང་དབྱེ་འབྱེད་གནས་འཁེལ། བོད་རྒྱ་སྐད་གཉིས་ཀྱི་འཕྲུལ་ཆས་ཀྱི་དགོས་མཁོ་དང་དེ་བས་མཐུན་ཡོད་པ་རེད། ཞིབ་འཇུག་ཚོགས་པས་ད་དུང་རང་འགུལ་ཚིག་ཕྲད་དང་ཐ་སྙད་དབྱེ་འབྱེད་ལ་རམ་འདེགས་བྱེད་པའི་བོད་ཡིག་གློག་རྡུལ་ཚིག་མཛོད་ཞིབ་འཇུག་གསར་གཏོད་བྱས་ཡོད་པའི་ནང་། ཐ་སྙད་ཁྲི་ཚོ10ཡོད་པའི་འཕྲུལ་ཆས་ཀྱིས་ཀློག་པའི་ཚིག་མཛོད་དང་མིས་ཀློག་པའི་ཚིག་མཛོད་ཚུད་ཡོད་པ་རེད། བོད་ཡིག་མིང་མཛོད་དེའི་ནང་ཀྲའོ300ཙམ་གྱི་བོད་ཡིག་རྒྱུན་སྤྱོད་ཐ་སྙད་བཅུག་ཡོད་པའི་ནང་ཀྲའོ10བོད་ཡིག་སྦྱོང་བརྡར་མིང་ཚིག་དང་བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྗོད་པ་ཁྲི་ཚོ30ཙམ་གྱི་ཤན་སྦྱར་མིང་མཛོད་སོགས་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།