ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར་ལྷོ་ཁ་ས་ཁུལ་གྱི་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར76ཟིན་པ་དེ་དུས་མཚུངས་པ་ལས24%འཕར་ཡོད་པའི་ནང་། དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར37ཟིན་གྱི་ཡོད་པ་དེས། ནོར་སྲིད་གཏོང་སྒོའི་བསྡུར་ཚད་ཀྱི48%བཟུང་ནས་སྤྱི་ཚོགས་བྱ་གཞག་གོང་འཕེལ་དང་དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད་པ་རེད།

ལོ་གཅིག་རིང་ལྷོ་ཁ་ས་ཁུལ་ནོར་སྲིད་ཚན་པས་རྒྱུན་ཆད་མེད་པར་སྣེ་ཁྲིད་དང་མཐུན་སྦྱོར། ཞབས་ཞུ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱབ་སྟེ་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། གཙོ་གནད་ཐོག་རྒྱུ་ནོར་གྱི་ཡོང་ཁུངས་མང་དུ་གཏོང་བ། ཡོང་འབབ་བསྡུ་ལེན་དོ་དམ་དམ་འཛིན་བྱེད་པ། ནོར་སྲིད་བསྒྱུར་བཅོས་གཏིང་ཟབ་བྱེད་པ། གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། འབབ་འཕར་གཏོང་འཕྲི་ལ་སྐུལ་འདེད་གཏོང་བ། གྲབས་གསོག་ཧུར་ཐག་དང་ལུགས་མཐུན་གྱི་སྒོ་ནས་མ་དངུལ་བཀོད་གཏོང་བྱེད་པ་བཅས་བྱས་ནས། རིགས་ཁག་གི་གཏོང་སྒོའི་དགོས་མཁོ་འགན་སྲུང་བྱས་པ་རེད།

ས་ཁུལ་དེ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་བརྟན་པོའི་སྒོ་ནས་འཕར་སྣོན་ཡོང་རྒྱུ་འགན་སྲུང་བྱེད་པའི་རྨང་གཞིའི་ཐོག དམངས་འཚོར་གཏོང་འཇོག་བྱེད་རྒྱུ་ཡང་འགན་སྲུང་ཐུབ་ཡོད་པ་རེད། ན་ནིང་ལྷོ་ཁ་ས་ཁུལ་ནོར་སྲིད་ཅུས་ཀྱིས་ནོར་ཤུགས་བཀོད་སྒྲིག་ཐོག་དམངས་འཚོ་ཨང་དང་པོར་འཇོག་པ་དང་། དམངས་འཚོ་གཙོ་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་གསོ་དང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། ཞིང་ལས་དང་ནགས་ལས། ཆུ་བེད་སོགས་དམངས་འཚོའི་བྱ་གཞག་ཐད་གཏོང་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ཚད་ཡོད་ཀྱི་ནོར་སྲིད་ཐོན་ཁུངས་དེ་བས་མང་བའི་སྒོ་ནས་དམངས་ཀྱི་འདོད་བློར་བསྟུན་པ་དང་དམངས་ཀྱི་དཀའ་ངལ་སེལ་བ། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱ་བའི་ཐོག་བཞག་པར་བརྟེན་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།