ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་བོད་ལྗོངས་ཀྱིས་རོགས་སྐྱོར་སྲིད་ཇུས་དང་རྣམ་གྲངས37དོན་འཁྱོལ་བྱས་ཏེ་རོགས་སྐྱོར་དངུལ་སྒོར་དུང་ཕྱུར22.8 ལྷག་བཏང་ནས། དགེ་རྒན་དང་སློབ་མ་མི་ཐེངས་ཁྲི་ཚོ152ལྷག་ལ་རོགས་སྐྱོར་བྱས་ཡོད་པ་རེད།

 ངོ་སྤྲོད་བྱས་པར་གཞིགས་ན་ན་ནིང་རང་ལྗོངས་ཀྱིས་དགེ་རྒན་གྱི་ཉལ་ཁང་འགན་སྲུང་སྡོད་ཁང་གི་མ་ལག་ནང་བཅུག་ནས། མ་དངུལ་སྒོར་དུང་ཕྱུར3དོན་འཁྱོལ་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཉལ་ཁང2300ཙམ་རྒྱབ་པ་དང་། གྲོང་གསེབ་དགེ་རྒན་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་ཚོ9900སྤྲད་པར་དགེ་རྒན16000ལ་ཕན་པ་ཐོབ་ཡོད་པ་དང་ཆབས་་ཅིག་སྒོར་ཁྲི་ཚོ182བཀོད་སྒྲིག་བྱས་ཏེ། བཤེས་གཉེན་ལ་གཅེས་སྐྱོང་བྱེད་པའི་འཆར་འགོད་ལག་བསྟར་བྱས་པ་དང་། སྒོར་ཁྲི་ཚོ1135བཀོད་སྒྲིག་བྱས་ཏེ། སློབ་གྲྭ194ལ་དགེ་རྒན་དང་ལས་བཟོའི་བྱེད་སྒོ་སྤེལ་གནས་སྐྲུན་པ་མ་ཟད། ལོ་འཁོར་མོར། རིགས་ཁག་གི་དགེ་རྒན2000ཙམ་ལ་ཁ་གསབ་བྱས་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། དེང་སྐབས་རང་ལྗོངས་ཀྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་དེ་བུ་བཅོལ་ཁང་གི་སློབ་གསོ་ནས། ཞིབ་འཇུག་སློབ་མའི་སློབ་གསོའི་བར་གྱི་དུས་མཚམས་ཚང་མར་ཁྱབ་ཡོད་པ་དང་། ད་ལོ་རང་ལྗོངས་ཀྱིས་འགན་ལེན་གསུམ་དང་འཚོ་བཅུད་ལེགས་བཅོས་འཆར་གཞིའི་ཚད་གཞི་མུ་མཐུད་མཐོ་རུ་གཏོང་རྒྱུ་དང་། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས། དམངས་ལ་ཕན་པ་དང་སློབ་གསོར་གཞི་ཚུགས་པའི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།