ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ནང་གི་ཁེ་ལས་གྲགས་ཅན་མང་པོ་ཞིག་གིས་བོད་ལྗོངས་ཀྱི་ས་གཞི་འདི་ལ་མ་དངུལ་གཏོང་བར་དམིགས་ནས་བསྡད་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བཤད་རྒྱུར། 2014ལོར་བོད་ལྗོངས་ཀྱིས་པེ་ཅིན་ནས“བོད་ལྗོངས་ཀྱི་དྭངས་གཙང་ཆུ་བོ·འཛམ་གླིང་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ”ཞེས་བརྗོད་བྱར་བྱས་པའི་དྲིལ་བསྒྲགས་བྱ་འགུལ་སྤེལ་ཏེ། ཀྲུང་གོའི་གསེར་གྱི་ཁེ་ལས་དང་། སན་ཞ་སྡེ་ཚོགས། ཀུང་མེན་འོ་ལས་སོགས་རྒྱལ་ནང་གི་ཁེ་ལས་གྲགས་ཅན500ནང་ཚུད་པའི་ཁེ་ལས་དག་བོད་ལྗོངས་སུ་ཕེབས་ཏེ་རང་བྱུང་འཐུང་ཆུར་རྟོག་ཞིབ་བྱས་པ་བརྒྱུད་དེ་དངུལ་གཏོང་དང་མཉམ་ལས་བྱེད་པའི་བྱ་བར་གྲོས་མོལ་བྱས་པས། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་དངུལ་གཏོང་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཟེར།

བློ་བཟང་རྒྱལ་མཚན་གྱིས་བསྟན་དོན། 2014ལོར་བོད་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར1100ལ་སླེབས་ཡོད་དེ། ལྷ་གཞིས་ལྕགས་ལམ་སྟེང་མེ་འཁོར་གཏོང་འགོ་ཚུགས་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་འཛུགས་སྐྲུན་བྱེད་འགོ་བརྩམས། སྒེར་རྩེ་རྫོང་ནས་དགེ་རྒྱས་རྫོང་བར་སོགས་ཀྱི་གཞུང་ལམ་སྐོར་ཞིག་གི་འཛུགས་སྐྲུན་ལས་གཞི་ལ་རྒྱལ་ཁབ་གྱི་ཆོག་མཆན་ཐོབ་ཡོད་དེ། ལས་གཞི་འདི་དག་ལ་བརྟེན་ནས་བོད་ལྗོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བྱུང་།

བོད་ལྗོངས་སུ་དངུལ་གཏོང་བྱེད་བཞིན་པའི་ཁེ་ལས་ལ་ཞབས་ཞུ་ཡག་པོ་སྒྲུབ་ཆེད། བོད་ལྗོངས་ཀྱིས《བོད་ལྗོངས་ཀྱི་ཚོང་འགུག་དངུལ་འདྲེན་བྱ་བའི་འབྲེལ་ཡོད་ཆོད་དོན》གཏན་འབེབས་བྱས། ཆོད་དོན་ལས་མ་དངུལ་གཏོང་མཁན་རྣམས་ཀྱིས་བྱེད་ཐབས་མང་པོ་སྤྱད་དེ་འགྲིམ་འགྲུལ་འཛུགས་སྐྲུན་དང་། ཐོན་ཁུངས། ཆུ་བེད། འཕྲིན་སྐྱེལ། གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་སོགས་ཀྱི་རྣམ་གྲངས་གསར་སྤེལ་དང་ལས་གཞི་འཛུགས་སྐྲུན་བྱེད་པར་གཟེངས་བསྟོད་བྱེད་རྒྱུ་ཡིན་པ་གསལ་བོར་བསྟན་ཡོད་དེ། ཉི་ནུས་དང་། རླུང་ནུས། རྫབ་རླངས་སོགས་ལྷད་མེད་ནུས་ཁུངས་གསར་བ་འཛུགས་སྐྲུན་དང་ལས་གཉེར་བྱེད་མཁན་གྱིས་རྣམ་གྲངས་ཐད་ཐོན་སྐྱེད་ཚོང་གཉེར་ཡོང་སྒོ་ཐོག་དང་པོ་ཐོབ་པའི་ལོ་དེ་ནས་བཟུང་། ལོ7གྱི་རིང་ལ་ཁེ་ལས་ཐོབ་ཁྲལ་སྤྲད་མི་དགོས་པར་བསྟན།

སྲིད་ཇུས་ཡག་པོ་ལས་མཚོ་སྔོན་གྱི་ཁེ་ལས་སྐོར་ཞིག་གི་ཡིད་དབང་ཡང་བཀུག་ཡོད་ཅིང་། བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་མཉམ་འབྲེལ་ངང“བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་ཐོན་ཁུལ”བསྐྲུན་ཡོད་ཅིང་། གཞི་གྲངས་ལྟར་ན། 2014ལོར་བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་ཐོན་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་རྣམ་གྲངས103དངོས་འབེབས་བྱས་ཤིང་། ཐོན་ཚད་སྒོར་དུང་ཕྱུར17.8མངོན་འགྱུར་བྱས།

བློ་བཟང་རྒྱལ་མཚན་གྱིས་བཤད་རྒྱུར། བོད་ལྗོངས་ཀྱིས་སྲིད་གཞུང་གི་དངུལ་གཏོང་དང་དམངས་ཁྲོད་དངུལ་གཏོང་ཕྱོགས་གཉིས་ཀྱི་ཧུར་སེམས་སྐུལ་སྤེལ་བྱས་ཏེ། 2015ལོར་བོད་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར1300ལས་བརྒལ་ནས20%འཕར་བར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།