དཔྱད་གཞིའི་པར་རིས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲང་ངར་ཆེ་བའི་དགུན་དུས་རིམ་གྱིས་ཡོལ་ནས་དྲོ་འཇམ་ཉི་འོད་འཕྲོ་བའི་དཔྱིད་ཐོག་མའི་རང་སྒང་ཟིན་ཏེ་ས་མཐོའི་ས་གཞི་ཆེ་མོར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ཡངས་བའི་ས་ཞིང་གང་སར་དགའ་འོས་པའི་ངལ་རྩོལ་གྱི་རྣམ་པས་ཁེངས་ནས་དཔྱིད་རྨོས་དཔྱིད་འདེབས་ཚ་ཚ་འུར་འུར་ངང་བྱེད་འགོ་ཚུགས་ཡོད་པ་རེད།

སྤྱི་ཟླ3ཚེས4ཉིན་ནི་བོད་ཟླ་དང་པོའི་ཚེས14ཡིན་པ་དང་། བོད་ཀྱི་ལོ་ཐོའི་ནང་འཁོད་པ་ལྟར་ན་དེ་ཉིན་ནི་ད་ལོའི་འདེབས་འཛུགས་ཀྱི་ཚེས་བཟང་ཉིན་མོ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་བཞི་པའི་གྲོང་མི་ཡོངས་ཀྱིས་ཞོགས་པ་སྔ་པོ་ནས་གཟབ་མཆོར་སྤྲད་དེ་གླུ་ལེན་གར་འཁྲབ་ཀྱིས་ལོ་གཅིག་ཐེངས་གཅིག་གི་གཉའ་སྤྲོ་གཅོག་འགོ་ཚུགས་པ་རེད།

ད་ལོ་དགུང་ལོ77ལ་ཕེབས་པའི་བགྲེས་སོང་བྱམས་པ་དངོས་གྲུབ་ཀྱིས་གསར་འགོད་པར། ཞི་བའི་བཅིངས་འགྲོལ་མ་བཏང་གོང་མང་ཚོགས་ཚོས་རང་ཁྱིམ་གྱི་ཞིང་ཁའི་ནང་གཉའ་སྤྲོ་གཅོག་གི་ཡོད། བཅིངས་འགྲོལ་ཐོབ་རྗེས་རིམ་བཞིན་ཚོགས་ཆུང་དང་མཉམ་སྡེབ་ཀྱིས་ཕོ་མོ་རྒན་གཞོན་ཚང་མས་གཟབ་མཆོར་སྤྲད་དེ་མཉམ་དུ་གཉའ་སྤྲོ་གཅོག་གི་ཡོད་པས་ཧ་ཅང་འཁྲུག་པོ་ཡོད་ཅེས་གསུངས་པ་རེད།

ད་ལོ་དགུང་ལོ39ཡིན་པའི་གྲོང་མི་པ་སངས་ནི་གྲོང་ཚོའི་ནང་སྐད་གྲགས་ལྡན་པའི་འདྲུད་འཐེན་འཁོར་ལོ་གཏོང་མཁས་ཤོས་ཤིག་ཡིན་པ་དང་། ཁོང་གིས། ང་ཚོའི་ནང་གི་ས་ཞིང་མུའུ24ཡོད་པ་ཚང་མར་འཕྲུལ་རྨོས་བྱེད་ཀྱི་ཡོད། སྲིད་གཞུང་གིས་ང་ཚོར་རིན་པ་མི་དགོས་པར་སོན་བཟང་བོད་ནས་ཨང320སྤྲད་པས་ཉེ་བའི་ལོའི་ནང་། ནས་ཀྱི་ཐོན་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་དང་ན་ནིང་ས་ཞིང་བཏབ་པ་ཁོ་ནའི་ཡོང་འབབ་སྒོར་ཁྲི་ཚོ7ལྷག་ཙམ་བྱུང་། ད་ཆ་ང་ཚོ་ཞིང་པའི་རྨོ་འདེབས་བྱེད་སྟངས་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་ལ་འཚོ་བ་ཡང་ཇེ་ཡག་ཏུ་ཕྱིན་ཡོད་ཅེས་གསུངས་པ་རེད།

གཉའ་སྤྲོ་གཅོག་སྐབས་ཁྲེང་ཀོན་ཆུས་ཞིང་འབྲོག་ཅུས་ཀྱིས་ད་དུང་གྲོང་མི་ཚོར་རིན་པ་མི་དགོས་པར་ཞིང་སྨན་སྤྲད་པ་དང་ས་གནས་ས་ཐོག་ཏུ་ཚང་མའི་བློ་འདྲི་དང་ལེན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།