ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། གཞི་རིམ་སྨན་བཅོས་ཚན་པའི་རྒྱ་ཆེའི་སྨན་དོན་མི་སྣ་དང་། དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཚོས་ལས་གནས་བརྟན་སྲུང་བྱས་ནས་མང་ཚོགས་ཀྱི་བདེ་ཐང་དང་དུས་བདེ་འགན་སྲུང་བྱས་ཡོད་པ་རེད།

སྟོད་ལུང་བདེ་ཆེན་རྫོང་མི་དམངས་སྨན་ཁང་ཁོག་ནད་ཚན་ཁག་གི་སྨན་པ་བསོད་ནམས་ལྷ་མོས་ནད་པར་བརྟག་དཔྱད་བྱེད་བཞིན་དུ་ལས་ཀར་ཞུགས་ནས་ལོ་དགུ་སོང་རིང་ལོ་ལྟར་གྱི་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར་ཧ་ལམ་མང་ཆེ་བ་སྨན་ཁང་ནང་གཏོང་གི་ཡོད། ལོ་གསར་སྐབས་ཕ་མ་བུ་ཕྲུག་དང་མཉམ་འཛོམས་བྱེད་རྒྱུ་མ་བྱུང་ན་ཡང་ནད་པ་ཚོར་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་དང་དྲག་སྐྱེས་ཡོང་བ་མཐོང་སྐབས་ངའི་ལས་ཀ་དེ་བྱེད་རིན་ཡོད་པ་ཞིག་ཡིན་པའི་མྱོང་ཚོར་ཡོང་གི་འདུག་ལ་ནང་མི་ཚོས་ཀྱང་ངའི་ལས་ཀར་བསམ་ཤེས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

 དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། སྟོད་ལུང་བདེ་ཆེན་རྫོང་མི་དམངས་སྨན་ཁང་གིས་སྨན་དོན་མི་སྣའི་སྡོད་བྱའི་ལམ་ལུགས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ནད་པ་ཚོ་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བྱས་ཡོད་པ་རེད། སྨན་ཁང་གི་དབུ་འཛིན་གཞོན་པ་ཚེ་རྡོར་གྱིས་ཉིན་ལྟར་སྨན་པ་བཅུ་ནས་བཅུ་གཉིས་བར་བཀོད་སྒྲིག་བྱས་ཡོད་པས། དུས་ཐོག་དང་སྐབས་འཕྲལ་དུ་སྨན་བཅོས་ལས་དོན་སྤེལ་ཆོག་གི་ཡོད་ཅེས་གསུངས་པ་རེད།

ལྷ་ས་གྲོང་ཁྱེར་གསེར་ཁང་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་སུ་སྡོད་བྱའི་ཉེན་རྟོག་པ་ཚང་མ་ལས་གནས་ཐོག་སླེབས་ཡོད་པ་དང་། དུས་ཆེན་རིང་དོ་དམ་བྱེད་ཁོངས་ཀྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་དང་བརྟན་ལྷིང་འགན་སྲུང་བྱེད་བཞིན་ཡོད་པ་རེད། ས་ཚིགས་དེའི་དབུ་འཛིན་གཞོན་པ་བསོད་ནམས་དར་རྒྱས་ཀྱིས་ང་ཚོ་གསེར་ཁང་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་འདི་འཁྲུག་ཆ་ཆེ་བའི་ཁྲོམ་གཞུང་དུ་གནས་ཡོད་པས། ལས་ཀ་ཧ་ཅང་མང་པོ་འདུག་ཅེས་གསུངས་པ་རེད། མི་དམངས་ཉེན་རྟོག་པ་གྲན་གྲན་གྱིས་ང་ལས་ཀར་ཞུགས་ནས་ལོ་གསུམ་འགྲོ་གི་འདུག ལོ་གསུམ་ནང་ནས་ལོ་གཉིས་ཉེན་རྟོག་ལས་དོན་ས་ཚིགས་སུ་ལོ་གསར་བཏང་བ་ཡིན། ལྷ་སའི་བདེ་འཇགས་ཆེད་དུ་རང་ནུས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ཞིག་རེད་ཅེས་གསུངས་པ་རེད།

ཁོང་ཚོ་དང་འདྲ་བར་ལས་གནས་བརྟན་སྲུང་དང་། མིང་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྲས་སུ་ད་དུང་སྤྱི་བདེ་མི་དམངས་ཉེན་རྟོག་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་ཁག་ཡོད་པ་རེད། ད་ལོ་ལོ24སླེབས་པའི་བློ་བཟང་ནི་གཞིས་རྩེ་ནས་ཡིན་པ་དང་། ཁོང་གིས་ལྷ་སའི་གྲོང་ཁུལ་རྙིང་པའི110དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་ཉེན་རྟོག་པའི་ཟ་ཁང་གི་དོ་དམ་ལས་འགན་འཁུར་གི་ཡོད་པ་དང་། ད་རེས་ནི་ཁོང་གིས་ལས་གནས་ཐོག་ལོ་གསར་གཏོང་ཐེངས་གསུམ་པ་དེ་ཡིན་པ་རེད། ཁོང་གིས་ཉེན་རྟོག་ལས་དོན་ས་ཚིགས་བཙུགས་པ་ནས་ད་བར་ཟ་ཁང་གི་དོ་དམ་ལས་ཀ་བྱེད་ཀྱི་ཡོད་པས་ལོ་གསར་སྐབས་ནང་ལ་ལོག་མྱོང་མེད། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་རྒྱུ་དེ་ནི་ངའི་བསམ་འདུན་ཞིག་ཡིན་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།