འདི་ནི་ལྷ་སའི་ནུབ་འདབས་བདེ་སྡོད་ཁུལ་གྱི་བོད་རིགས་སྤུན་ཟླ་རྣམས་མཉམ་འཛོམས་བྱས་ཏེ་ཕྱེ་མར་དང་ཁ་བཏགས་འབུལ་རེས་བྱས་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་གནས་ཚུལ་ཡིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་ནི་བོད་ཤིང་ལུག་ལོའི་ལོ་གསར་ཡིན་པ་དང་ཞོགས་པའི་ཉི་གཞོན་དང་བཅས་གནས་མཆོག་ལྷ་སར་ལོ་གསར་པའི་ཉིན་དང་པོ་བསུས་ཤིང་། དུས་ཆེན་གྱི་གཟབ་མཆོར་སྤྲས་པའི་མི་རྣམས་ཕན་ཚུན“བཀྲ་ཤིས་བདེ་ལེགས”ཞེས་ལོ་གསར་གྱི་སྨོན་ཚིག་ཞུ་རེས་དང་ཆང་བཀྱགས་རེས་བྱས་ཏེ་མཉམ་དུ་ལོ་གསར་དགའ་གཏོང་བྱེད་བཞིན་མཆིས།

དེ་རིང་ཁ་བ་སིམ་སིམ་བབས་པ་དེས་ལྷ་ས་གྲོང་ཁྱེར་འདི་ཉིད་ལ་མཛེས་རྒྱན་སྤྲས་ནས་དེ་བས་མཆོག་ཏུ་གྱུར་པ་ཞིག་མངོན།

ཡུལ་མི་མང་པོ་ཞིག་གི་ཁྱིམ་གྱི་སྒོ་ཁ་དང་སྒེའུ་ཁུང་ལ་ཚོན་ཁྲ་ཅན་གྱི་ཤམ་བུ་བསྒར་བ་དང་ཁྱིམ་ཚང་མི་རེ་ངོ་རེ་ཚང་མས་སྙེ་མ་དང་། རྩམ་པ། མར། གྲོ་མ་བཅས་ལས་བཀྲ་ཤིས་ལོ་ལེགས་ཡོང་བའི“ཕྱེ་མར”དང“སྡེར་ཁ”བསྒྲིགས་ཡོད།

ལྷ་སའི་ཁྲོམ་གཞུང་དུ་སྐྱོད་སྐབས་གང་སར་ལྒང་བཞུ་དམར་པོ་ཆེན་པོ་དང་ཚོན་མདོག་སྣ་ལྔའི་དར་སེང་མེ་ཏོག་དང་ཚོང་ཁང་དང་། ལས་ཁུངས། སློབ་གྲྭ་བཅས་ཀྱི་སྒོ་ཁར་བཀལ་བའི“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱེད”ཅེས་པའི་འཕྲེད་འགེལ་ཡི་གེ་མཐོང་རྒྱུ་ཡོད། མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་བོད་རིགས་མང་ཚོགས་ཀྱི་བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ་ལམ་རྒྱུད་ཀྱི་འགྲུལ་པར“བཀྲ་ཤིས་བདེ་ལེགས”ཞེས་ལོ་གསར་གྱི་སྨོན་འདུན་ཞུ་གི་ཡོད།

ཚེ་སྨོན་གླིང་སྡེ་ཁུལ་དུ་མི་ཚོས་སྔ་ས་ནས་རང་ཁྱིམ་དུ་གྲ་སྒྲིག་བྱས་ཟིན་པའི་ཤ་སྐམ་པོ་དང་། ཇ་བསྲུབས་མ། ཆང་བཅས་འཁྱེར་ཏེ་སྡེ་ཁུལ་བྱེད་སྒོ་ཁང་དུ་འཛོམས་ནས་མཉམ་དུ་ལོ་གསར་དགའ་གཏོང་བྱས་ཏེ་ལོ་གསར་པར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་ཡོད། ཕ་ཡུལ་ཀྲེ་ཅང་ནས་ཡིན་པའི་པའོ་ཧན་ཕིང་གིས་སྡེ་ཁུལ་གྱི་ལས་འཁྱུར་ངལ་གསོ་བརྒྱབ་པའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་སྒྲོན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ཁ་བཏགས་གཡོགས་པ་དང་འབྲེལ་ཁོང་གི་ཕྱག་ནས་དམ་པོར་བཟུང་སྟེ་ཁོང་གིས་སྐྲ་བཞར་ཁང་གི་ཆེད་དུ་ནུས་ཤུགས་ཡོད་རྒུ་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཞབས་གཞས་མཁས་པའི་མི་རིགས་ཁག་གི་མང་ཚོགས་ཀྱིས་རོལ་དབྱངས་དཀྲོལ་མ་ཐག་སྒོར་གཞས་འཁྲབ་འགོ་ཚུགས་ཤིང་། ཉི་མས“ལོ་གསར་ལ་ཚང་མ་མཉམ་དུ་སྒོར་གཞས་འཁྲབ་པ་དང་ཕན་ཚུན་འཚམས་འདྲི་ཞུ་རེས་བྱེད་པའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པས་ཧ་ཅང་དགའ་པོ་འདུག”ཅེས་བཤད།

ཕོ་བྲང་པོ་ཏ་ལའི་རྒྱབ་ངོས་ཀྱི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྟད་མོ་ཆེ་བའི་ལྷ་མོ་འཁྲབ་པ་ལས་ཡུལ་དེའི་མང་ཚོགས་དང་ཡུལ་སྐོར་བ་འབོར་ཆེན་ཞིག་གི་མིག་དབང་འཕྲོག་པ་དང་ཚང་མས་སྲོལ་རྒྱུན་རིག་གནས་ལ་རོལ་བཞིན་མཆིས། གར་སྟེགས་ཐོག《བཀྲ་ཤིས་ཞོལ་པ》འཁྲབ་སྟོན་བྱེད་པ་དང་གར་སྟེགས་འོག་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་བསྟུད་མར་གྲགས། ཀྲེ་ཅང་ནས་ཡོང་བའི་ཡུལ་སྐོར་བ་ལིའུ་ཧུང་གིས་ཞོགས་པ་སྔ་པོ་ནས་ཁྲོམ་ལམ་ཆེ་ཆུང་གང་སར་པར་རྒྱག་ཏུ་ཕྱིན་པ་དང་ཁོང་གིས“ཡུལ་དེར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་སྤྲོ་སེམས་འཁོལ་བའི་བོད་རིགས་མི་དམངས་ལས་ང་ལའང་ལོ་གསར་གཏོང་བའི་ཚོར་སྣང་བྱུང”ཞེས་བཤད།

བོད་ཀྱི་ས་གཞི་ཆེ་མོའི་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་པ་དང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་གྱི་དོན་རྡོར་གྱིས་ཞོགས་པ་སྔ་པོ་ནས་ལངས་པ་དང་ཞོགས་ཟས་ཟ་བའི་སྐབས་དོན་རྡོར་གྱི་ཨ་མས་སྲོལ་རྒྱུན་གོམས་གཤིས་ལྟར་ཐལ་མོ་སྦྱར་བ་དང་དད་གུས་ཆེན་པོས་ཞལ་འདོན་བྱས་ནས་ཁྱིམ་མི་ཚང་མ་བདེ་སྐྱིད་ཁམས་བཟང་ཡོང་བའི་གསོལ་བ་སྨོན་ལམ་བཏབ་པ་དང་འབྲེལ་ཆར་ཆུ་དུས་སུ་འབབ་པ་དང་ལོ་གསར་པར་ལོ་ལེགས་ཡོང་བའི་སྨོན་ལམ་བཏབ་པ་རེད།

བོད་ཀྱི་མཐའ་མཚམས་ས་ཁུལ་དུ་མཐའ་སྲུང་དཔུང་སྡེས་བཅའ་སྡོད་བྱ་ཡུལ་གྱི་མི་སེར་དང་མཉམ་དུ་ལོ་གསར་བཏང་ཞིང་། མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་དུ་གྲོང་མི་རྣམས་ཤང་སྲིད་གཞུང་གི་སྒོ་རའི་ནང་མཉམ་འཛོམས་བྱས་ཏེ་མཐའ་སྲུང་དཔུང་སྡེའི་དཔོན་དམག་དང་མཉམ་དུ་བོད་ཤིང་ལུག་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་བཏང་བ་དང་ཤང་ཀྲང་ཕུར་བུས་ཤང་ནང་དུ་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་པ་དང་སྲོལ་རྒྱུན་གྱི་མོན་པའི་གླུ་གར་འཁྲབ་སྟོན་བྱེད་པ་ཕུད་ཚེས་19ཉིན་གྱི་མཚན་མོ་ད་དུང་མེ་ཕུང་མཚན་ཚོགས་འཚོག་རྒྱུ་རེད་ཅེས་གསར་འགོད་པར་བཤད་བྱུང་།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།