ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་གསར་གནམ་གང་གི་དགོང་མོ་བཀྲ་ཤིས་པའི་རྣམ་པ་མཚོན་པའི་ལྒང་བཞུ་མཐོན་པོར་བཀལ་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་ཀྱིས་ལྟོ་ཆས་ཟ་བ་དང་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྟ་བའི་དགའ་སྣང་ལ་རོལ་སྐབས་མི་ཁག་གཅིག་གིས་མང་ཚོགས་ལ་བཀྲ་ཤིས་པ་དང་། བརྟན་ལྷིང་། བདེ་སྐྱིད་ལྡན་པ་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱ་ཆེད་ཁོང་ཚོས་ཁྱིམ་མི་མཉམ་འཛོམས་ཀྱི་གོ་སྐབས་བློས་བཏང་ནས་ཁྱིམ་མི་དྲན་སེམས་སྙིང་དབུས་སུ་བཅངས་ཏེ་རང་ཉིད་ཀྱི་ལས་གནས་ཁག་ཁ་ཁུ་སིམ་པོས་བརྟན་སྲུང་བྱེད་བཞིན་ཡོད། ལོ་གསར་གནམ་གང་གི་དགོང་མོ་གསར་འགོད་པས་དཔྱིད་གསར་དུས་ཆེན་རིང་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་པའི་ངལ་རྩོལ་པ་དཀྱུས་མ་དེ་དག་ལ་བཅར་འདྲི་བྱེད་སྐབས་ཁོང་ཚོའི་བསམ་བློ་གཏོང་ཡུལ་དང་བྱ་སྤྱོད་ལས་ང་ཚོར་སེམས་འགུལ་ཐེབས་པ་དང་གྲོང་ཁྱེར་འདིར་དྲོ་སྐྱིད་སྦྱིན་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད།

ལོ་གསར་གནམ་གང་གི་དགོང་མོའི་ཆུ་ཚོད་8པ་ནི་རྒྱལ་ཡོངས་མི་དམངས་ཀྱིས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྟ་བ་དང་། ལོ་གསར་གྱི་ཅོང་སྒྲ་ཉན་པ། ཤོག་སྦག་སྤོར་བ། མཉམ་འཛོམས་ཅའོ་ཙེ་ཟ་བ་བཅས་ཀྱི་དུས་ཚོད་རེད།

རྩེད་ཐང་གྲོང་རྡལ་ཧུའུ་ནན་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་གསར་འགོད་པར་དེ་གའི་ཉེན་རྟོག་པས་ངལ་གསོའི་དུས་ཚོད་དང་ཁྱིམ་མི་དང་མཉམ་འཛོམས་བྱ་རྒྱུ་བློས་བཏང་ནས་རྐང་ཐང་སྐོར་ཞིབ་དང་སྐོར་སྐྱོད་སྐོར་གཡེང་བྱ་རྒྱུ་ཟུང་འབྲེལ་དང་གནས་གཏན་འཁེལ་གྱིས་དོ་དམ་ཚོད་འཛིན་དང་ཚན་རིག་དང་མཐུན་པའི་གསེད་བཀྲོལ་ཟུང་འབྲེལ་བྱེད་སྟངས་སྤྱད་དེ་དུས་ཐོག་ཏུ་དེ་གར་ལུས་པའི་འཁོར་རིགས་དང་མི་ཚོགས་ཁ་འགྲེམས་དང་ཁྲིད་སྟོན་བྱས་ནས་ཐོལ་བྱུང་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་བྱེད་པ་མཐོང་ཡོད།

“ལོ་ལྟར་གྱི་གནམ་གང་དགོང་མོ་ནི་ལས་སྒྲུབ་བྱེད་ཡུལ་དུ་སྐྱེལ་བ་དང་མ་གཞི་གནམ་གཤིས་གྲང་ངར་ཆེ་བ་མ་ཟད་ནང་མི་དང་མཉམ་དུ་འཛོམས་ཐུབ་ཀྱི་མེད་མོད། འོན་ཀྱང་རང་ཉིད་ཀྱིས་ལས་ཀའི་ཐོག་ནས་གསོལ་བ་སྨོན་ལམ་འདེབས་པར་ཡོང་བའི་གྲོང་མིར་འགྲིམ་འགྲུལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་ཚེ་ང་སེམས་ཧ་ཅང་སྐྱིད་པོ་འདུག”ལས་སྒྲུབ་བྱེད་བཞིན་པའི་ཉེན་དོན་ས་ཚིགས་ཀྱི་ཀྲེན་ཀྲང་ཀྲང་ལགས་ཀྱིས་གསར་འགོད་པར་གནམ་གང་དགོང་མོ་རུ་ཆེན་དེས་ཉེན་རྟོག་རླངས་འཁོར་གཉིས་དང་ཉེན་རྟོག་པ་13བཏང་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་འགན་ལེན་ནུས་ལྡན་བྱས་པར་རྒྱ་ཆེའི་གྲོང་མིའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།  །  ས་ཁུལ་དེ་ཡོངས་ཀྱི་མི་དམངས་ལ་སྤྲོ་སྣང་དོད་ལ་བཀྲ་ཤིས་པ་དང་དུས་བདེ་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བའི་འགན་ལེན་བྱ་ཆེད་ལྷོ་ཁ་ས་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱས་ཏེ་སྔ་སྣུར་ནས་འཆར་གཞི་འདིང་བ་དང་། བཀོད་སྒྲིག་ཞིབ་ཚགས། ཉེན་རྟོག་པ་ཡོངས་ལམ་ཐོག་ཏུ་བསྐྱོད་པ་བཅས་བྱས་ཐོག་འགྲོ་ལམ་བདེ་འཇགས་དང་ཤར་གཏོང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་དོ་དམ་ཐད་ཞབས་ཞུ་གཙོ་བོར་བྱེད་པའི་བྱེད་ཐབས་སྤྱད་ནས་མི་གཤིས་ཅན་གྱི་ཁྲིམས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་སྤྲོ་སྣང་དོད་ལ་བཀྲ་ཤིས་པའི་ལོ་གསར་གྱི་རྣམ་པ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

གནམ་གང་དགོང་མོའི་ཆུ་ཚོད་7པ་ནི་ནང་མི་མཉམ་འཛོམས་ཀྱིས་ཅའོ་ཙེ་ཟ་བའི་དུས་ཚོད་ཡིན་ཞིང་། གསར་འགོད་པ་ས་ཁུལ་མི་དམངས་སྨན་ཁང་དུ་སླེབས་སྐབས་120མྱུར་སྐྱོབ་ལྟེ་གནས་ཀྱི་གནམ་གང་དགོང་མོའི་ལས་རེས་སྨན་དོན་མི་སྣས་ལས་རེས་སྦྲེལ་མཐུད་བྱེད་པ་དང་སྐབས་འཁེལ་བ་དང་ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་སྟོད་གོས་དཀར་པོ་བརྗེས་ཏེ་བྲེལ་འཚུབ་ཆེན་པོས་ཁོའོ་དང་ཁང་དང་ནད་ཁང་ཁག་ཏུ་ཞིབ་བཤེར་དང་། དུག་སེལ། ལས་རེས་སྦྲེལ་མཐུད་བྱེད་འགོ་བཙུགས་ཡོད།

“ལོ་ག་ཚོད་སོང་མིན་ཤོད་རྒྱུ་མི་འདུག”གསར་འགོད་པས་ལས་རེས་སྨན་པ་ཚེ་དབང་ལ་དགུ་ཐུག་དགོང་མོ་ལས་རེས་བྱེད་ཐེངས་ག་ཚོད་ཡིན་མིན་འདྲི་སྐབས་ཁོང་གིས་གསར་འགོད་པར་ང་ཚོའི་སྨན་དོན་མི་སྣ་མང་པོ་ཞིག་ལོ་ཤས་བསྟུད་མར་ཁྱིམ་དུ་ལོག་མྱོང་མེད་སྟབས་ཚང་མ་གོམས་གཤིས་ཆགས་ཡོད་ཅེས་བཤད་པ་དང་ཁོང་གིས་གནམ་གང་དགོང་མོ་སྨན་ཁང་དུ་ལས་དོན་མི་སྣ་ཁྱོན་100ལྷག་ཙམ་ལས་ཐོག་ཏུ་བསྡད་པ་དང་དེས་ན་120མྱུར་སྐྱོབ་ལྟེ་གནས་ཀྱི་སྨན་དོན་མི་སྣ་10ལྷག་ཙམ་གྱིས་ས་ཁུལ་དེ་ཡོངས་ཀྱི་ཛ་དྲག་ཆེ་བའི་སྐྱོབ་རོགས་ལས་འགན་ཕྲག་ཏུ་འཁུར་ཏེ་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་སྡོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དགུ་ཐུག་དགོང་མོ་ཤོག་སྦག་ཚོན་ཁྲ་ཅན་སྤོར་རྒྱུ་དེ་མི་ཚོས་སེམས་ནང་གི་དགའ་སྣང་མཚོན་པའི་བྱེད་ཐབས་ཀྱི་གྲས་ཤིག་ཡིན་ཞིང་། མེ་ཟོན་དཔོན་དམག་གིས་ཆུ་ཚོད་24རིང་ལས་གནས་བརྟན་སྲུང་བྱས་ཏེ་མེ་སྐྱོན་ཐོན་ཚེ་དུས་ཐོག་ཏུ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད།

“ཤོག་སྦག་ཚོན་ཁྲ་ཅན་སྤོར་མཁན་མང་པོ་དེ་ལྟ་བུ་ཡོད་པས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་གསར་བྱེད་ཀྱི་ཡོད”དྲག་ཆས་སྤྲས་ཏེ་ལས་སྒྲུབ་བྱེད་བཞིན་པའི་མེ་ཟོན་བ་ཟླ་བ་ཆུང་བས་གསར་འགོད་པར“མེ་སྐྱོན་སོགས་དོན་རྐྱེན་ཐོན་རྒྱུ་བཀག་འགོག་བྱ་ཆེད་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ང་ཚོས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་པའི་སར་ལས་སྒྲུབ་བྱེད་པར་འགྲོ་དགོས་ཀྱི་ཡོད”ཅེས་བཤད།

“གསར་འགོད་པའི་ལས་རིགས་དེ་ནི་རྟག་ཏུ་འཐབ་ཕྱོགས་དང་པོར་འགྲོ་དགོས་ཀྱི་ཡོད་པས་ཁ་གཡར་ས་གཏན་ནས་མེད། ལྷག་པར་དུ་དུས་ཆེན་གཏོང་རིང་ནི་ང་ཚོས་གསར་འགྱུར་འཚོལ་བའི་གོ་སྐབས་ཡག་ཤོས་ཡིན་ལ་ཐོལ་བྱུང་དོན་རྐྱེན་ཐོན་མང་བའི་དུས་སྐབས་ཀྱང་ཡིན་པས་ལྷོད་གཡེང་གཏན་ནས་གཏོང་མི་རུང”ཞེས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ལྷོ་ཁར་བཅའ་སྡོད་གསར་འགོད་པའི་ས་ཚིགས་ཀྱི་ཀྲའོ་མན་གྱིས“ཀློག་པ་པོར་ལོ་གསར་ཚེས་གཅིག་ཉིན་འཐབ་ཕྱོགས་དང་པོའི་གསར་འགྱུར་མཐོང་ཐུབ་ཚེ་རང་ཉིད་བློ་ཡིད་ཧ་ཅང་ཚིམ་པོ་འདུག་པས་ངལ་བ་དེ་ནི་ཇི་མི་སྙམ་པ་ཞིག་རེད”ཅེས་བཤད།

ལྷོ་ཁར་ཁོང་ཚོ་ལྟར་ལས་གནས་ཐོག་བརྟན་སྲུང་བྱེད་མཁན་ད་དུང་ཧ་ཅང་མང་པོ་ཡོད་པ་དང་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱ་རྒྱུ་དེ་འཆར་ཅན་གྱི་ལས་དོན་ཞིག་རེད། གནམ་གང་དང་དགུ་ཐུག་དགོང་མོ་ཁོང་ཚོས་ཚང་མར་ལོ་གསར་སྤྲོ་པོ་ཞིག་གཏོང་རྒྱུ་ཡོང་ཆེད་ཁ་ཁུ་སིམ་པོས་ལེགས་སྐྱེས་འབུལ་བཞིན་མཆིས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།